Appearance
喀多殊胜化身仁波切于罗布林卡受看管期间所呈书信
མཁར་རྡོ་མཆོག་སྤྲུལ་རིན་པོ་ཆེ་ནོར་གླིང་དུ་དོ་དམ་འོག་བཞུགས་སྐབས་ཕུལ་བའི་ཡི་གེ།
拉琼阿波尊者(土登喜饶嘉措,1905—1975)著
拉琼阿波尊者(土登喜饶嘉措,1905—1975)著
这是拉琼阿波于铁虎年(1950)写给色拉寺杰扎仓第五世喀多活佛的一封诗体书信。当时喀多仁波切在罗布林卡受看管。信中先以尸陀林、轮回城、山口、商铺、业田五个譬喻,感叹觉性迷失于轮回;随后转向受信人,劝他把逆缘转为道用,安住于觉性自解脱的智慧之中。作者自称这是宁玛老父们深藏的传家宝,语气恳切而又带着康巴人的谐谑。
正文
སྭསྟི་སརྦ་སིདྡྷི་ཐ།
吉祥!一切成就!
吉祥!一切成就!
དབྱིངས་སྐྱེ་མེད་རང་སྣང་རིག་པའི་གདངས།
རྩལ་ཤར་གྲོལ་འགག་མེད་དེ་བཞིན་ཉིད།
དོན་རང་བྱུང་ཡེ་ཤེས་རང་ཤར་བ།
ཕ་གདོད་མའི་མགོན་གྱིས་ཤེས་པར་མཛོད།
法界无生,自现即是觉性的光辉;妙力显起即解脱,无有间断,正是真如。实义乃自生智慧,自然显现。父亲、本初怙主,请您垂鉴。
རྩལ་ཤར་གྲོལ་འགག་མེད་དེ་བཞིན་ཉིད།
དོན་རང་བྱུང་ཡེ་ཤེས་རང་ཤར་བ།
ཕ་གདོད་མའི་མགོན་གྱིས་ཤེས་པར་མཛོད།
法界无生,自现即是觉性的光辉;妙力显起即解脱,无有间断,正是真如。实义乃自生智慧,自然显现。父亲、本初怙主,请您垂鉴。
ཕ་ཀུན་ཏུ་བཟང་པོའི་ཐུགས་རྗེ་ལས།
སེམས་རིག་སྟོང་དབྱེར་མེད་ངོ་ཤེས་ཤིང་།
གོམས་འདྲིས་དང་ཉམས་མྱོང་རྩལ་རྫོགས་སོགས།
ངེས་ཤེས་ཀྱི་བརྟན་པ་མ་ཐོབ་ཀྱང་།
འདི་རང་ངོ་ཤེས་པས་ཐ་ཤལ་བས།
དོན་མེད་བཞིན་ཐལ་བྱུང་འདི་སྐད་ལོ།
仰仗父亲普贤王如来的悲恩,我虽认识了心之觉空无别,串习纯熟、觉受力用圆满等方面的稳固定解,却还没有得到。我这个仅仅认得本面、仍是卑下的人,就这样毫无意义地随口说出以下这些话。
སེམས་རིག་སྟོང་དབྱེར་མེད་ངོ་ཤེས་ཤིང་།
གོམས་འདྲིས་དང་ཉམས་མྱོང་རྩལ་རྫོགས་སོགས།
ངེས་ཤེས་ཀྱི་བརྟན་པ་མ་ཐོབ་ཀྱང་།
འདི་རང་ངོ་ཤེས་པས་ཐ་ཤལ་བས།
དོན་མེད་བཞིན་ཐལ་བྱུང་འདི་སྐད་ལོ།
仰仗父亲普贤王如来的悲恩,我虽认识了心之觉空无别,串习纯熟、觉受力用圆满等方面的稳固定解,却还没有得到。我这个仅仅认得本面、仍是卑下的人,就这样毫无意义地随口说出以下这些话。
ཚོགས་བརྒྱད་འཁྲུལ་པའི་དུར་ཁྲོད་ན།
འཇིག་རྟེན་ཆོས་བརྒྱད་ཀྱི་རོ་ལངས་རྒྱུ།
དེ་རོ་སྙོམས་ཀྱི་སྤྱོད་པས་མ་ཐུལ་ནས།
སླར་ཐར་པའི་སྲོག་ལ་རྒོལ་འདི་སྐྱོ།
八识迷乱的尸陀林中,世间八法的起尸四处游荡。没有用一味平等的行持将它降伏,它反过来侵害解脱的命根,这真可悲。
འཇིག་རྟེན་ཆོས་བརྒྱད་ཀྱི་རོ་ལངས་རྒྱུ།
དེ་རོ་སྙོམས་ཀྱི་སྤྱོད་པས་མ་ཐུལ་ནས།
སླར་ཐར་པའི་སྲོག་ལ་རྒོལ་འདི་སྐྱོ།
八识迷乱的尸陀林中,世间八法的起尸四处游荡。没有用一味平等的行持将它降伏,它反过来侵害解脱的命根,这真可悲。
ཐར་མེད་འཁོར་བའི་གྲོང་ཁྱེར་ན།
རྟེན་མེད་འདུ་ལོངས་ཀྱི་ཇག་པ་རྒྱུ།
དེ་ཆོག་ཤེས་ཀྱི་སོ་པས་མ་མཐོང་ནས།
སླར་རྣམ་གཡེངས་ཀྱི་འཕྲུལ་འཁོར་བསྐོར་འདི་སྐྱོ།
无法出离的轮回城中,无所依凭的纷扰如盗贼出没。知足的哨兵没有看见,散乱的机轮反又转动起来,这真可悲。
རྟེན་མེད་འདུ་ལོངས་ཀྱི་ཇག་པ་རྒྱུ།
དེ་ཆོག་ཤེས་ཀྱི་སོ་པས་མ་མཐོང་ནས།
སླར་རྣམ་གཡེངས་ཀྱི་འཕྲུལ་འཁོར་བསྐོར་འདི་སྐྱོ།
无法出离的轮回城中,无所依凭的纷扰如盗贼出没。知足的哨兵没有看见,散乱的机轮反又转动起来,这真可悲。
འཁོར་འདས་རྒྱབ་གྱེས་ཀྱི་ལ་ཁ་ན།
བྱིས་ཆེན་རིག་པའི་བྱེའུ་ཆུང་ཞིག
མེད་སྣང་སྟོང་གཟུགས་ཀྱི་འཇའ་རིས་དེད།
སླར་མ་ངོ་མ་ཤེས་འདི་ཡི་སྐྱོ།
轮回与涅槃背道分途的山口上,稚愚的觉性小鸟追逐无而显现、空色的虹影,反而认不出母亲的面容,这真可悲。
བྱིས་ཆེན་རིག་པའི་བྱེའུ་ཆུང་ཞིག
མེད་སྣང་སྟོང་གཟུགས་ཀྱི་འཇའ་རིས་དེད།
སླར་མ་ངོ་མ་ཤེས་འདི་ཡི་སྐྱོ།
轮回与涅槃背道分途的山口上,稚愚的觉性小鸟追逐无而显现、空色的虹影,反而认不出母亲的面容,这真可悲。
མ་བརྩམ་ཡེ་རྫོགས་ཀྱི་ཚོང་ཁང་ན།
མ་འབད་ལྷུན་གྲུབ་ཀྱི་ཚོང་དཔོན་བཞུགས།
རྣམ་རྟོག་སྐྱེ་འགག་གི་བུན་སྐྱེད་བཏང་།
སླར་ཡེངས་འཁྲུལ་གྱི་ཐང་ལ་འཕྱན་འདི་སྐྱོ།
不待造作、本来圆满的商铺里,本不费力、任运成就的商主就坐在那里,却去经营分别念生灭的借贷利息,又流落到散乱迷惑的荒原,这真可悲。
མ་འབད་ལྷུན་གྲུབ་ཀྱི་ཚོང་དཔོན་བཞུགས།
རྣམ་རྟོག་སྐྱེ་འགག་གི་བུན་སྐྱེད་བཏང་།
སླར་ཡེངས་འཁྲུལ་གྱི་ཐང་ལ་འཕྱན་འདི་སྐྱོ།
不待造作、本来圆满的商铺里,本不费力、任运成就的商主就坐在那里,却去经营分别念生灭的借贷利息,又流落到散乱迷惑的荒原,这真可悲。
སྔོན་བསགས་ཀྱི་ཞིང་ས་གཤིན་པོ་ལ།
ལས་བཟང་ངན་གྱི་ས་བོན་སྣ་ཚོགས་བཏབ།
དེ་གསོས་འདེབས་ཀྱི་བྱེད་རྐྱེན་སྣ་ཚོགས་པས།
སླར་སྣ་ཚོགས་ཀྱི་འབྲས་བུར་སྤྱོད་འདིས་སྐྱོ།
在往昔所积的肥沃田地里,播下种种善业恶业的种子,又经种种助缘的滋养,转而受用种种果报,这真可悲。
ལས་བཟང་ངན་གྱི་ས་བོན་སྣ་ཚོགས་བཏབ།
དེ་གསོས་འདེབས་ཀྱི་བྱེད་རྐྱེན་སྣ་ཚོགས་པས།
སླར་སྣ་ཚོགས་ཀྱི་འབྲས་བུར་སྤྱོད་འདིས་སྐྱོ།
在往昔所积的肥沃田地里,播下种种善业恶业的种子,又经种种助缘的滋养,转而受用种种果报,这真可悲。
འཁོར་བ་སྡུག་བསྔལ་གྱི་ཁྲིམས་མུན་ན།
ལས་ངན་གྱི་འགྲོ་དྲུག་དབང་མེད་ཉལ།
མེད་སྣང་ལ་དོན་མེད་ཞེན་པས་བཅིངས།
འདི་རང་བྱས་ལ་དགོངས་བཞིན་བག་ཡངས་མཛོད།
轮回痛苦的幽暗刑狱之中,六道众生被恶业所驱,身不由己地困卧其中,被对无而显现之物的无谓贪执捆缚。请想到这一切都是自己所造,放宽心怀。
ལས་ངན་གྱི་འགྲོ་དྲུག་དབང་མེད་ཉལ།
མེད་སྣང་ལ་དོན་མེད་ཞེན་པས་བཅིངས།
འདི་རང་བྱས་ལ་དགོངས་བཞིན་བག་ཡངས་མཛོད།
轮回痛苦的幽暗刑狱之中,六道众生被恶业所驱,身不由己地困卧其中,被对无而显现之物的无谓贪执捆缚。请想到这一切都是自己所造,放宽心怀。
དོན་རང་བྱུང་རིག་པའི་སྣང་ངོ་ན།
དགེ་སྡིག་དང་ལས་ཀྱི་སྤང་བླང་ཟད།
སྐྱིད་སྡུག་དང་རེ་དོགས་ཀྱི་འཛིན་པ་ཞིག
འདི་མཁྱེན་བཞིན་ཐ་མལ་བཞུགས་འོས་མིན།
在实义自生觉性的显现面前,善恶与业的取舍已经穷尽,苦乐与希惧的执著已经瓦解。您既明知这一点,就不该再像凡夫那样过日子。
དགེ་སྡིག་དང་ལས་ཀྱི་སྤང་བླང་ཟད།
སྐྱིད་སྡུག་དང་རེ་དོགས་ཀྱི་འཛིན་པ་ཞིག
འདི་མཁྱེན་བཞིན་ཐ་མལ་བཞུགས་འོས་མིན།
在实义自生觉性的显现面前,善恶与业的取舍已经穷尽,苦乐与希惧的执著已经瓦解。您既明知这一点,就不该再像凡夫那样过日子。
རིག་པ་རང་གྲོལ་གྱི་ཡེ་ཤེས་ཞེས།
ངོ་ཤེས་ན་གདོད་མའི་རྒྱལ་ས་རུ།
བཙན་ཐབས་སུ་སྐྱོར་བའི་དབང་ཅན་དེ།
འབྲལ་མེད་དུ་བཞུགས་པར་ཞུན་མཐར་ཆོད།
所谓觉性自解脱的智慧,一旦认出,就有力量把您强力扶上本初的王位。请将它千锤百炼,炼到究竟,安住其中,永不分离。
ངོ་ཤེས་ན་གདོད་མའི་རྒྱལ་ས་རུ།
བཙན་ཐབས་སུ་སྐྱོར་བའི་དབང་ཅན་དེ།
འབྲལ་མེད་དུ་བཞུགས་པར་ཞུན་མཐར་ཆོད།
所谓觉性自解脱的智慧,一旦认出,就有力量把您强力扶上本初的王位。请将它千锤百炼,炼到究竟,安住其中,永不分离。
རྐྱེན་ངན་ཙམ་ཐོག་བབ་ཏུ་བྱུང་བ་ལ།
འདོར་འདོད་ཀྱི་བསམ་པས་ཕན་པ་ཅི།
དེ་བས་རྩལ་སྦྱོང་དང་བོགས་འདོན་ལ།
ཡང་ཡང་དུ་སྦྱོང་ན་དམ་པའི་ལུགས།
只是逆缘骤然临头,一心想把它甩开,又有什么用?不如借它锻炼修行的力量、提升修证,一再磨练,这才是圣者的传统。
འདོར་འདོད་ཀྱི་བསམ་པས་ཕན་པ་ཅི།
དེ་བས་རྩལ་སྦྱོང་དང་བོགས་འདོན་ལ།
ཡང་ཡང་དུ་སྦྱོང་ན་དམ་པའི་ལུགས།
只是逆缘骤然临头,一心想把它甩开,又有什么用?不如借它锻炼修行的力量、提升修证,一再磨练,这才是圣者的传统。
དེ་ཕྱིར་རྐྱེན་ངན་ཀུན་གྲོགས་ཤར་བའི།
ལམ་འཁྱེར་རྣལ་འབྱོར་གྱི་ཁྱད་ཆོས་འདི།
ཕ་རྒན་རྙིང་མ་བའི་ཕུགས་ནོར་ཞིག
ཡིན་འདྲ་བས་ཐུགས་ཀྱི་གཅེས་ནོར་མཛོད།
所以,一切逆缘都显为助伴、将境遇转为道用的这门瑜伽,似乎正是宁玛老父们深藏的传家宝。请把它当作心中的珍宝。
ལམ་འཁྱེར་རྣལ་འབྱོར་གྱི་ཁྱད་ཆོས་འདི།
ཕ་རྒན་རྙིང་མ་བའི་ཕུགས་ནོར་ཞིག
ཡིན་འདྲ་བས་ཐུགས་ཀྱི་གཅེས་ནོར་མཛོད།
所以,一切逆缘都显为助伴、将境遇转为道用的这门瑜伽,似乎正是宁玛老父们深藏的传家宝。请把它当作心中的珍宝。
ལྟར་སྣང་དུ་བཙོན་དོང་ཞེས་མི་སྙན་ཀྱང་།
དོན་ཡང་དག་མཐོང་བའི་རྣལ་འབྱོར་ལ།
དམྱལ་བ་ཡང་དག་པའི་ཞིང་ཡིན་ན།
དོན་དེ་ཕྱིར་ཐུགས་ལ་ཞུམ་པ་བསྐྱུངས།
表面上,牢狱二字虽不中听,可是对见到真实义的瑜伽士来说,连地狱也是清净刹土。正因如此,请减轻心中的颓丧。
དོན་ཡང་དག་མཐོང་བའི་རྣལ་འབྱོར་ལ།
དམྱལ་བ་ཡང་དག་པའི་ཞིང་ཡིན་ན།
དོན་དེ་ཕྱིར་ཐུགས་ལ་ཞུམ་པ་བསྐྱུངས།
表面上,牢狱二字虽不中听,可是对见到真实义的瑜伽士来说,连地狱也是清净刹土。正因如此,请减轻心中的颓丧。
མི་འགའ་ཞིག་མཐོན་པོའི་ཁྲིར་འགྱིངས་ཀྱང་།
དུས་དེང་སང་ལས་ངན་མཐུ་བརྟས་པས།
ཇ་སྦྱོར་ཙམ་བློ་བག་མི་ཕེབས་པ།
དོན་དེ་དང་འདི་གཉིས་ཁྱད་པར་ཅི།
有些人虽高踞宝座,如今恶业之力炽盛,连煮茶的工夫都不能安心。究其实质,那种处境和您眼前的处境,又有什么差别?
དུས་དེང་སང་ལས་ངན་མཐུ་བརྟས་པས།
ཇ་སྦྱོར་ཙམ་བློ་བག་མི་ཕེབས་པ།
དོན་དེ་དང་འདི་གཉིས་ཁྱད་པར་ཅི།
有些人虽高踞宝座,如今恶业之力炽盛,连煮茶的工夫都不能安心。究其实质,那种处境和您眼前的处境,又有什么差别?
སེམས་གསལ་རྗེན་ལྷིང་དུ་བུད་པའི་དུས།
གནམ་ས་གཉིས་མགོ་མཇུག་བསྒྱུར་བའི་བར།
དུས་ད་ལྟ་སྲོག་གི་རྒྱུན་ཆད་ཀྱང་།
དེ་བློ་ཐག་མ་ཆོད་རྣལ་འབྱོར་མིན།
当心明明朗朗、赤裸寂然地显露之时,纵然天翻地覆,纵然此刻命根断绝,对此若还没有斩钉截铁的定见,就不算瑜伽士。
གནམ་ས་གཉིས་མགོ་མཇུག་བསྒྱུར་བའི་བར།
དུས་ད་ལྟ་སྲོག་གི་རྒྱུན་ཆད་ཀྱང་།
དེ་བློ་ཐག་མ་ཆོད་རྣལ་འབྱོར་མིན།
当心明明朗朗、赤裸寂然地显露之时,纵然天翻地覆,纵然此刻命根断绝,对此若还没有斩钉截铁的定见,就不算瑜伽士。
རང་རིག་ལ་འབྲས་ཆོས་ལྷུན་གྲུབ་ཏུ།
བཞུགས་པ་འདི་བློ་ལ་མི་ཆུད་པའི།
མཁས་པ་འགའ་དཔེ་ཆས་བསླུས་མཐོང་ནས།
དོན་མེད་བདག་སྙིང་ཆུང་སྟོད་དུ་འཚང་།
果位功德本来任运安住于自明觉性之中,有些学者没能领会这一点,反被经书文句所欺。看到这种情形,我这颗小小的心,白白地揪到了嗓子眼。
བཞུགས་པ་འདི་བློ་ལ་མི་ཆུད་པའི།
མཁས་པ་འགའ་དཔེ་ཆས་བསླུས་མཐོང་ནས།
དོན་མེད་བདག་སྙིང་ཆུང་སྟོད་དུ་འཚང་།
果位功德本来任运安住于自明觉性之中,有些学者没能领会这一点,反被经书文句所欺。看到这种情形,我这颗小小的心,白白地揪到了嗓子眼。
ཐུགས་དྭངས་སྤྲོའི་ཞུ་མཆིད་མི་གདའ་སྟེ།
མཚར་མཚར་གྱི་ཐལ་བྱུང་འཆོལ་བའི་གཏམ།
སྡེབ་ལེགས་སོགས་མཛེས་ཆོས་སྤངས་པ་འདི།
དྭངས་གསལ་ཐུགས་དབྱིངས་ལ་སྐྱེས་སུ་ཕུལ།
我没有能令您心境澄明、开怀欢喜的话可说。这番古怪可笑、随口而出、杂乱无章的话,也舍弃了工巧辞藻等文饰,就作为礼物,献于您澄明的心境。
མཚར་མཚར་གྱི་ཐལ་བྱུང་འཆོལ་བའི་གཏམ།
སྡེབ་ལེགས་སོགས་མཛེས་ཆོས་སྤངས་པ་འདི།
དྭངས་གསལ་ཐུགས་དབྱིངས་ལ་སྐྱེས་སུ་ཕུལ།
我没有能令您心境澄明、开怀欢喜的话可说。这番古怪可笑、随口而出、杂乱无章的话,也舍弃了工巧辞藻等文饰,就作为礼物,献于您澄明的心境。
བཀྲ་ཤིས་ཟབ་ཡངས་ཀྱི་ནམ་མཁའ་ལ།
བདེ་ལེགས་ཡོན་ཏན་གྱི་ཉི་མ་འཆར།
ཕུན་ཚོགས་ཐུགས་རྗེ་ཡི་གཟི་བྱིན་གྱིས།
འཚོ་གཞེས་དགྱེས་མཇལ་གྱི་སྨོན་འདུན་ཞུ།
愿在吉祥深广的虚空中,升起安乐功德的太阳;仰仗圆满大悲的威光,愿您身体安康,祈愿我们欢喜相见。
བདེ་ལེགས་ཡོན་ཏན་གྱི་ཉི་མ་འཆར།
ཕུན་ཚོགས་ཐུགས་རྗེ་ཡི་གཟི་བྱིན་གྱིས།
འཚོ་གཞེས་དགྱེས་མཇལ་གྱི་སྨོན་འདུན་ཞུ།
愿在吉祥深广的虚空中,升起安乐功德的太阳;仰仗圆满大悲的威光,愿您身体安康,祈愿我们欢喜相见。
跋文
ཞེས་དབུགས་བྲལ་གྱིས་སྐྱབས་ལ་གདམས་པའི་མན་ངག་ཨ་ཁུ་ཁམས་པའི་ཕོ་རུས་ཀྱི་ལར་རྒྱ་དབང་བཙན་དུ་བྱས་པའི་ཡི་གེ་གུས་རྨོངས་གོ་བོ་ཀླད་དམར་བ་པྲ་ཛྙཱ་སཱ་རས་ལྕགས་སྟག་ཟླ་༥་ཚེས་༡༠་བཟང་པོར་ཕུལ།།
以上是一个没了气的人向怙主进言的窍诀,是阿叔我凭着康巴汉子的骨气,硬着头皮写下的一封信。恭敬而愚昧的果沃·红脑者般若萨罗,于铁虎年藏历五月初十吉日敬呈。
以上是一个没了气的人向怙主进言的窍诀,是阿叔我凭着康巴汉子的骨气,硬着头皮写下的一封信。恭敬而愚昧的果沃·红脑者般若萨罗,于铁虎年藏历五月初十吉日敬呈。
编者注
སེར་བྱེས་མཁར་རྡོ་སྐུ་ཕྲེང་ལྔ་པ་བསྐལ་བཟང་ཐུབ་བསྟན་སྙན་གྲགས་(༡༩༠༨—༡༩༥༡)ཞབས་ཡིན། ཕྱོགས་བསྒྲིགས་བྱེད་པོས་མཆན།
受信人为色拉寺杰扎仓第五世喀多活佛格桑土登年扎(1908—1951)。编者注。
受信人为色拉寺杰扎仓第五世喀多活佛格桑土登年扎(1908—1951)。编者注。
译注
一、八识与尸陀林。ཚོགས་བརྒྱད 依语境译作八识。作者把八识的迷乱活动比作尸陀林,世间八法,即利衰、毁誉、称讥、苦乐,比作其中游荡的起尸。起尸 རོ་ལངས 与一味平等 རོ་སྙོམས 共用 རོ 这个字,前者取尸体义,后者取味义,字面上前后呼应。
二、小鸟与母亲。觉性如一只稚愚的小鸟,在轮涅分途的山口追逐空色的虹影,反而认不出母亲的面容。这个譬喻可以联系大圆满认取本面的教法来理解。小鸟前的修饰语原刻作 བྱིས་ཆེན,暂译稚愚。
三、口吻的转折。从尸陀林到业田,连续五段以这真可悲作结,是在感叹迷失的众生。从幽暗刑狱一段起,改用 མཛོད(请您……),直接劝慰受信人。
四、取舍穷尽。善恶与业的取舍已经穷尽,原文明确放在自生觉性的显现面前这一语境中,是见地上的表达,不是说凡夫日常可以不顾善恶因果。
五、凡夫与平常心。ཐ་མལ་བཞུགས 译作像凡夫那样过日子,以免与大圆满、大手印中的 ཐ་མལ་ཤེས་པ(平常心)相混。
六、本初王位。སྐྱོར 是扶持、支撑的意思,所以译作强力扶上本初的王位。这一句与下文高踞宝座的意象相邻,读者可以自行体会其中的对照。
七、锻炼与增长。རྩལ་སྦྱོང、བོགས་འདོན 译作锻炼修行的力量、提升修证,指在逆境中磨练修行。
八、定见。བློ་ཐག་ཆོད 是拿定主意、斩钉截铁的定见。纵然天翻地覆、命根断绝,对觉性仍须有这样的定见。
九、果位功德任运具足。འབྲས་ཆོས་ལྷུན་གྲུབ 是大圆满的见地:果位功德本来任运具足于自明觉性之中。作者感叹有些学者被经书文句所欺,不能领会这一点。
十、跋文与署名。跋文起首 དབུགས་བྲལ་གྱིས་སྐྱབས་ལ་གདམས་པ,字面是没了气的人向怙主进言,与全信卑下、古怪可笑、硬着头皮等自谦口吻相通。自署 གོ་བོ་ཀླད་དམར་བ 按原刻直译为果沃·红脑者,是否有地方俗语的含义待考。梵式署名 པྲ་ཛྙཱ་སཱ་ར 原刻如此,音译般若萨罗,字义为智慧精髓。作者法名喜饶嘉措,意为慧海,梵文作 Prajñāsāgara,与此处写法相近而不同,或是别署。
十一、开头的梵语。སྭསྟི་སརྦ་སིདྡྷི 意为吉祥、一切成就,原刻末尾还有一个短字形,近似 ཐ,整句的梵语尚待复原。
十二、日期。铁虎年藏历五月初十,依受信人生卒年推定为1950年。
十三、互参。信中轮涅分途的山口 ལ་ཁ 与知足的哨兵 སོ་པ,与本站所收作者道歌《阿霍耶·觉受证悟之歌》中解脱迷乱关口处、念知童子设望台的意象相近,可以对读。
作者简介
拉琼阿波(བླ་ཆུང་ཨ་ཕོ་),法名土登喜饶嘉措(ཐུབ་བསྟན་ཤེས་རབ་རྒྱ་མཚོ་,1905—1975),二十世纪宁玛派上师、学者、诗人,文献中又称贡觉拉琼。他早年在佐钦寺求学,后来协助敦珠仁波切撰写阐述宁玛派教理体系的名著。他是根敦群培的挚友和传记作者。他的杂著由达兰萨拉西藏文献图书馆于2002年结集出版。他与堪布阿琼(堪布阿旺巴桑,1879—1941)是两个人,不可混同。
文本来源
藏文依《土登喜饶嘉措杂著》(gsung thor bu,西藏文献图书馆,2002)第100至104页扫描本识读,佛教数字资源中心(BDRC)编号 MW25975。
