Appearance
善说宝璎珞·具慧者普喜之言
ལེགས་བཤད་ནོར་བུའི་དོ་ཤལ་བློ་ལྡན་ཀུན་ཏུ་དགའ་བའི་གཏམ་ཞེས་བྱ་བ་བཞུགས་སོ།
拉琼阿波尊者(土登喜饶嘉措,1905—1975)著
拉琼阿波尊者(土登喜饶嘉措,1905—1975)著
这是拉琼阿波于水鸡年(1933)在拉萨大昭寺附近写下的十一偈道歌,原刻每偈后标有偈序。作者先祈请自觉上师加持亲见本面,再说本体、自性、大悲与三身本自具足,接着把中观之见、大手印之修、大圆满之行与三身之果连成一贯,讲无修无作、不散乱而任运、六聚与五毒当处解脱,又直指无造作的当下平常心,最后自责未能实修,向上师祈请,并以三轮体空回向。跋文说,这是他把所领会的上师教言观为供云,献于上师座前。文中几处未能确定的读法,在译注中说明。
正文
ན་མོ་རཏྣ་ཏྲ་ཡ་ཡ། སྭསྟི་བི་ཛ་ཡནྟུ།
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དགེ་ལེགས་རྣམ་པར་རྒྱལ་གྱུར་ཅིག །
ན་མོ་གུ་རུ་དྷརྨ་བཛྲ་ཡེ། །
顶礼三宝!愿吉祥善妙悉皆胜利!顶礼上师法金刚!
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དགེ་ལེགས་རྣམ་པར་རྒྱལ་གྱུར་ཅིག །
ན་མོ་གུ་རུ་དྷརྨ་བཛྲ་ཡེ། །
顶礼三宝!愿吉祥善妙悉皆胜利!顶礼上师法金刚!
སེམས་ཉིད་སྤྲོས་པ་བྲལ་བ་འོག་མིན་གྱི་ཞིང་ན། །
གཞི་རྫོགས་འཕོ་འགྱུར་བྲལ་བ་རང་རིག་གི་བླ་མས། །
གཞི་སྣང་རིག་པ་ཡེ་ཤེས་རང་བྱུང་གི་དགོངས་པ། །
དངོས་སུ་རང་ཞལ་མཇལ་བར་བྱིན་གྱིས་རང་རློབས་ཤིག ༡
在心性离戏的色究竟净土中,基上圆满、无有迁变的自觉上师啊,请您自加持,令我亲见基显觉性、自生智慧密意的本来面目。
གཞི་རྫོགས་འཕོ་འགྱུར་བྲལ་བ་རང་རིག་གི་བླ་མས། །
གཞི་སྣང་རིག་པ་ཡེ་ཤེས་རང་བྱུང་གི་དགོངས་པ། །
དངོས་སུ་རང་ཞལ་མཇལ་བར་བྱིན་གྱིས་རང་རློབས་ཤིག ༡
在心性离戏的色究竟净土中,基上圆满、无有迁变的自觉上师啊,请您自加持,令我亲见基显觉性、自生智慧密意的本来面目。
ངོ་བོ་སྟོང་པ་ཆེན་པོ་རང་བྱུང་གི་ཡེ་ཤེས། །
རང་བཞིན་གསལ་བའི་སྣང་ཆ་འགགས་མེད་ཀྱི་ཆོ་རོལ། །
ཐུགས་རྗེ་ཀུན་ལ་ཁྱབ་པ་འཕོ་མེད་ཀྱི་གཤིས་ལུགས། །
སྐུ་གསུམ་རང་ཆས་མཐོང་བའི་རྣལ་འབྱོར་དེ་སྐྱིད་དོ། ༢
本体大空,是自生的智慧;自性光明,其显现分是无有间断的游舞;大悲周遍一切,是无有迁变的本性。亲见三身本自具足的瑜伽士,何等快乐!

མ་མཐོང་མཐོང་བའི་གནས་ལུགས་ཀུན་བཟང་གི་དགོངས་པ། །
མ་སྒོམ་གོམས་པའི་རང་བཞིན་འབད་རྩོལ་ལ་མི་ལྟོས། །
མ་དཔྱད་གང་ཤར་རང་གྲོལ་སྤྱོད་པ་ཡི་རྒྱལ་པོས། །
མ་སྒྲུབ་གྲུབ་པའི་འབྲས་བུ་རང་ཆས་འདི་བློ་བདེ། ༣
无所见而见的实相,是普贤王如来的密意;无所修而熟习的自性,不依勤作努力;不作观察,所起皆自解脱,这是行持之王。不待修成而本已成就的果,本自具足,这是何等心安!

མཐའ་བྲལ་རབ་ཏུ་མི་གནས་དབུ་མ་ཡི་ལྟ་བ། །
རིས་མེད་ཁྱབ་གདལ་ལྷུན་གྲུབ་ཕྱག་ཆེན་གྱི་སྒོམ་པ། །
ཡེངས་མེད་ཚོགས་དྲུག་རང་གྲོལ་རྫོགས་ཆེན་གྱི་སྤྱོད་པ། །
འབྲས་བུ་སྐུ་གསུམ་ལྷུན་གྲུབ་གྲུབ་མཐའ་འདི་རྨད་བྱུང་། ༤
离边而全无所住,是中观之见;无有偏限、周遍广大、任运成就,是大手印之修;不散乱而六聚自解脱,是大圆满之行;果是三身任运成就。这样的宗义,何等稀有!

བྱར་མེད་བྱས་པས་མི་འགྲུབ་སྨིག་རྒྱུ་ལ་ཆུ་བཞིན། །
བལྟར་མེད་བལྟས་པས་མི་མཐོང་ནམ་མཁའ་ཡི་དགོངས་པ། །
སྒོམ་མེད་བསྒོམས་པས་མི་རྟོགས་ཆོས་ཉིད་ཀྱི་གཤིས་ལུགས། །
མ་ཡེངས་ཡེངས་སུ་བོར་བ་མན་ངག་གི་གནད་ཏིག ༥
本无可作,靠造作成就不了,就像从阳焰中求水;虚空般的密意本无可看,靠观看见不到;法性的本性本无可修,靠修习证不了。不散乱而任其散放,这正是窍诀的要点。

ཚོགས་དྲུག་ཡུལ་གྱི་རྩལ་སྣང་གཞན་ཕྱོགས་སུ་བཟུང་ནས། །
ཡིད་དྲུག་འཛིན་པས་བཅིངས་པ་ཐ་མལ་གྱི་འཁྲུལ་རྟོག །
ཉོན་དྲུག་རང་གར་སྤྱོད་པ་མེད་སྣང་གི་སྟོང་གཟུགས། །
ཡེ་ཤེས་དྲུག་ཏུ་གྲོལ་བའི་རྣལ་འབྱོར་དེ་གུ་ཡངས། ༦
把六聚境界的妙力显现执为外在的他方,被六种心识的执取所缚,这是凡夫的迷乱分别。六种烦恼任其自然展现,原是无而显现的空色;解脱为六种智慧的瑜伽士,何等宽坦!

དུག་ལྔ་ཡེ་ནས་དག་པ་གདོད་མ་ཡི་རང་བཞིན། །
ཡེ་ཤེས་ལྔ་རུ་མཐོང་བ་རྣལ་འབྱོར་གྱི་ཁྱད་ཆོས། །
སྐུ་ལྔར་བཙན་ཐབས་སྦྱོར་བ་ཡེངས་མེད་ཀྱི་འབྲས་བུར། །
མ་རྟོགས་རྒྱུད་ལྔར་འཁྱམས་པའི་འགྲོ་ཚོགས་འདི་སྙིང་རྗེ། ༧
五毒本来清净,这是本初的自性;见其为五种智慧,是瑜伽士的殊胜之处;强力令其契合五身,这是不散乱的果。不悟这一点而漂泊于五趣的众生,何等可悯!

སྤང་བྱ་སྤང་རྒྱུ་ཅི་ཡོད་དག་མཉམ་གྱི་དགོངས་པ། །
བླང་བྱ་ལེན་རྒྱུ་ཅི་ཡོད་ཐ་སྙད་ལ་མི་ལྟོས། །
སྤང་ལེན་ཐོབ་ཤོར་ཅི་ཡོད་འདུས་བྱས་ནི་མ་ཡིན། །
ཁོ་ཐག་ནང་ནས་ཆོད་པའི་རྣལ་འབྱོར་འདི་ཨ་ཧོ། ༨
在清净平等的密意中,有什么应舍、需要舍弃?不依名言安立,有什么应取、需要取得?本非有为,又有什么取舍得失?从内心彻底决断的这一瑜伽,阿霍!
བླང་བྱ་ལེན་རྒྱུ་ཅི་ཡོད་ཐ་སྙད་ལ་མི་ལྟོས། །
སྤང་ལེན་ཐོབ་ཤོར་ཅི་ཡོད་འདུས་བྱས་ནི་མ་ཡིན། །
ཁོ་ཐག་ནང་ནས་ཆོད་པའི་རྣལ་འབྱོར་འདི་ཨ་ཧོ། ༨
在清净平等的密意中,有什么应舍、需要舍弃?不依名言安立,有什么应取、需要取得?本非有为,又有什么取舍得失?从内心彻底决断的这一瑜伽,阿霍!
བཅས་བཅོས་མི་འདུག་ད་ལྟའི་ཐ་མལ་གྱི་ཤེས་པ། །
དཔེ་ཡིས་མི་མཚོན་ཡེ་ཤེས་བླ་མ་ཡི་དགོངས་པ། །
གཞན་ནས་མི་བཙལ་མངོན་སུམ་རང་ཆས་སུ་བཞུགས་འདི། །
ཀུན་མཁྱེན་ཡབ་སྲས་བརྒྱུད་པར་བཅས་པ་ཡི་ཁྱད་ཆོས། ༩
没有造作修饰的当下平常心,就是譬喻所不能表示的智慧上师的密意。不向别处寻求,它就现前本自具足地安住着,这正是遍知父子及其传承的殊胜之处。
དཔེ་ཡིས་མི་མཚོན་ཡེ་ཤེས་བླ་མ་ཡི་དགོངས་པ། །
གཞན་ནས་མི་བཙལ་མངོན་སུམ་རང་ཆས་སུ་བཞུགས་འདི། །
ཀུན་མཁྱེན་ཡབ་སྲས་བརྒྱུད་པར་བཅས་པ་ཡི་ཁྱད་ཆོས། ༩
没有造作修饰的当下平常心,就是譬喻所不能表示的智慧上师的密意。不向别处寻求,它就现前本自具足地安住着,这正是遍知父子及其传承的殊胜之处。
དུས་གསུམ་སངས་རྒྱས་ཀུན་དངོས་དྲིན་ཆེན་གྱི་བླ་མས། །
གདམས་ཟབ་བདུད་རྩིའི་སྙིང་ཁུ་དཔག་མེད་ཅིག་སྩལ་ཀྱང་། །
དེ་དོན་ཉམས་སུ་མ་ལོན་སྐལ་ཆད་པོ་ཁོ་བོ། །
ཐུགས་རྗེས་ཡལ་བར་མ་དོར་དྲིན་ཅན་རང་མཁྱེན་ནོ། ༡༠
三世一切诸佛的真实化身、大恩上师,虽已赐下无量甚深教言的甘露精华,我这福薄之人,却未能把其中的实义修到自己身上。请以大悲垂念,不要把我弃置不顾。恩重上师,请您垂鉴!

འདིས་མཚོན་དུས་གསུམ་བསགས་པའི་རྣམ་དཀར་གྱི་དགེ་ཚོགས། །
ཟག་མེད་དྲན་པའི་ངོ་བོར་དབྱེར་མེད་དུ་བསྡོམས་ཏེ། །
འཁོར་གསུམ་དམིགས་གཏད་བྲལ་བའི་ཕྱག་རྒྱ་ཡིས་བཏབ་ནས། །
གཤིས་ལུགས་རྫོགས་པ་ཆེན་པོར་དབྱེར་མེད་དུ་ཨ་ཧོ། ༡༡
以此为代表,将三世所积的一切清净善根,无别地总摄于无漏忆念的体性之中,再以离于三轮所缘执著的印封印,与本性大圆满无二无别。阿霍!

跋文
ཞེས་རང་ལ་ཉམས་མྱོང་གི་ཡོན་ཏན་སྤུ་ཙམ་མེད་ཀྱང་། བླ་མ་བཀྲིན་ཅན་གྱི་གསུང་གོ་ཡུལ་དུ་ཡོད་པ་རྣམས་མཆོད་པའི་སྤྲིན་དུ་དམིགས་ནས་མཆོག་སྤྲུལ་རྡོ་རྗེ་འཆང་གི་མདུན་དུ་ཕུལ་བས་ནམ་ཞིག་ན་ཁོ་བོས་གཙོས་ཡིད་ཅན་གདོད་མའི་མགོན་པོའི་རང་ཞལ་མངོན་དུ་མཇལ་བའི་རྟེན་འབྲེལ་དུ་ཚིགས་སུ་བཅད་པ་འདི་ནི་གྲུབ་དབང་རྫོགས་ཆེན་པའི་གྲལ་མཐར་གནས་པ་རྨོངས་བརྟུལ་ཐ་ཤལ་བའི་བཙུན་གཟུགས་སྡོམ་པོ་ཐུབ་བསྟན་ཤེས་རབ་རྒྱ་མཚོ་འམ། ནམ་མཁའ་ཆོས་དབྱིངས་དེས་རབ་རྒྱལ་ཆུ་བྱ་ལོའི་ཁྲུམ་ཟླའི་ ༢ དཀར་ཕྱོགས་ཀྱི་ཚེས་ ༥ བཟང་པོར་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་ཉེ་འདབས་སུ་བྲིས་པ་དེ་བཞིན་འགྲུབ་པའི་མཐུན་འགྱུར་ཞུ། མངྒ་ལཾ།།
我自己虽然连一丝亲身体验的功德也没有,仍把所领会的大恩上师教言观为供养云,献于殊胜化身金刚持座前。愿以此结下缘起,使以我为首的一切有情,终有一日现前亲见本初怙主的本来面目。这些偈颂,是居于成就自在佐钦巴座下末位、愚钝卑劣、徒具僧相〔待考〕的土登喜饶嘉措,又名南喀却英,于水鸡年〔待考〕八月〔待考〕白分初五吉日,在拉萨神变大昭寺附近写成。祈愿成为如是成就的助缘。吉祥!
我自己虽然连一丝亲身体验的功德也没有,仍把所领会的大恩上师教言观为供养云,献于殊胜化身金刚持座前。愿以此结下缘起,使以我为首的一切有情,终有一日现前亲见本初怙主的本来面目。这些偈颂,是居于成就自在佐钦巴座下末位、愚钝卑劣、徒具僧相〔待考〕的土登喜饶嘉措,又名南喀却英,于水鸡年〔待考〕八月〔待考〕白分初五吉日,在拉萨神变大昭寺附近写成。祈愿成为如是成就的助缘。吉祥!
译注
一、偈序。原刻在每偈之后标有 ༡ 至 ༡༡ 的偈序,本文照录。
二、自觉上师的自加持。第一偈的祈请对象是自觉上师(རང་རིག་གི་བླ་མ),所请的是 བྱིན་གྱིས་རང་རློབས,即请上师自行加持。上师既是自觉本身,加持也就是觉性自显,本面由此亲见。
三、本体、自性、大悲与三身。第二偈依次说本体大空、自性光明、大悲周遍,随后直说三身本自具足。原文没有逐项标出与法身、报身、化身的对应,本文不在正文中补入。这里的大悲,指周遍显发的作用,不只是后来生起的悲悯情绪。
四、本性。第二、五、十一偈的 གཤིས་ལུགས,原刻作 i 元音,是通行的写法,意为本性、本然的样子。初校稿曾录作 གཤེས་ལུགས 并视为异写,按原图改正。
五、心安。第三偈末句原刻作 རང་ཆས་འདི་བློ་བདེ,意为这是何等心安,初校稿录作 སྐྱིད་དེ,按原图改正。作者在《阿霍耶·觉受证悟之歌》末句也用了 བློ་བདེ 一词。
六、见修行果。第四偈明文把中观配见、大手印配修、大圆满配行,果为三身任运成就。这是本诗自己的表述,不宜引申为三派教法在一切场合只能分别承担见、修、行。
七、无修与不散乱。第三、五偈说的无修,要与不依勤作、不散乱合看。第五偈 མ་ཡེངས་ཡེངས་སུ་བོར་བ 有意把不散乱与散放并置,散放指不加拘束造作,不能据此去掉不散乱这个条件。
八、平常心的两种用法。第六偈 ཐ་མལ་གྱི་འཁྲུལ་རྟོག 的 ཐ་མལ 是凡夫、凡庸的意思,第九偈 ཐ་མལ་གྱི་ཤེས་པ 则是大圆满所说的平常心,前面还加了无造作修饰的限定。同一个词,两处褒贬相反。
九、六聚、六烦恼与六智慧。第六偈连用 ཚོགས་དྲུག、ཡིད་དྲུག、ཉོན་དྲུག、ཡེ་ཤེས་དྲུག。ཡིད་དྲུག 暂译六种心识。六种烦恼常见的说法是贪、嗔、痴、慢、疑、见六根本烦恼,也有配六道的六毒之说,本诗没有列出具体所指,本文不补配表,也不改成五毒五智。烦恼任其自然展现,要与全诗的不散乱、自解脱合看,不是主张放纵烦恼。
十、五身与五趣。第七偈 སྐུ་ལྔར་བཙན་ཐབས་སྦྱོར་བ་ཡེངས་མེད་ཀྱི་འབྲས་བུར,句意是强力令其契合五身,这是不散乱所得的果。རྒྱུད་ལྔ 依上下文理解为五趣,用字可与其他版本对校。
十一、清净平等中的取舍。第八偈的取舍得失,置于清净平等的密意与本非有为之下来说,不是说世俗行为上没有善恶因果。ཁོ་ཐག 是彻底、决断的意思。
十二、遍知父子。第九偈的 ཀུན་མཁྱེན་ཡབ་སྲས,在宁玛龙钦宁提传承中通常指遍知龙钦巴与持明晋美林巴。本篇没有写出姓名,正文保持原称。
十三、福薄之人。第十偈原刻作 སྐལ་ཆད་པོ,意为缘分断绝、福薄之人,是作者的自谦语。初校稿录作 སྒྱལ་ཆད་པོ,按原图改正。
十四、无漏忆念与三轮。第十一偈原刻作 ཟག་མེད་དྲན་པ,译作无漏忆念,不改成常见回向文中的无漏智慧。三轮,就回向说,是能回向者、所回向的善根与回向的对象,对三者都不作实有的缘执。
十五、上师的称谓。开篇的 དྷརྨ་བཛྲ 意为法金刚;跋文又称殊胜化身金刚持、成就自在佐钦巴。同年所作的《圣仙口传·梵音之歌》跋文也有成就自在佐钦巴这一称谓,可能指第五世佐钦仁波切土登却吉多杰(1872—1935)。几个称谓是否同指一人,存疑待考。
十六、署名、日期与地点。跋文署名土登喜饶嘉措,又名南喀却英(ནམ་མཁའ་ཆོས་དབྱིངས)。自谦语中的 སྡོམ་པོ 含义待考。水鸡年按作者生卒年推定为1933年,其前的 རབ་རྒྱལ 可能是该年在六十年周期中的年名,待考。月名原刻作 ཁྲུམ་ཟླ,即以星宿 ཁྲུམས(梵语 Bhādrapadā,汉译室、壁二宿)命名的月份,通常对应藏历八月;其后的数字字形经比对为 ༢,确切含义待考,或指同名的第二个月。白分初五即上半月初五。ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང 是拉萨神变大昭寺,原文说是附近,不是寺内。
十七、原刻异写。跋文的 བཀྲིན 当作 དྲིན(恩德),依原刻录出。
作者简介
拉琼阿波(བླ་ཆུང་ཨ་ཕོ་),法名土登喜饶嘉措(ཐུབ་བསྟན་ཤེས་རབ་རྒྱ་མཚོ་,1905—1975),本篇跋文又署名南喀却英,二十世纪宁玛派上师、学者、诗人,文献中又称贡觉拉琼。据 Lotsawa House,他是根敦群培的挚友和传记作者。据 Rigpa Wiki,他早年在佐钦寺求学,后来协助敦珠仁波切撰写阐述宁玛派教理的名著,即后来英译为 The Nyingma School of Tibetan Buddhism 中的教理部分。他的杂著由达兰萨拉西藏文献图书馆于2002年结集出版。他与堪布阿琼(堪布阿旺巴桑,1879—1941)是两个人,不可混同。
文本来源
藏文依《土登喜饶嘉措杂著》(gsung thor bu,西藏文献图书馆,2002)第112至116页扫描本识读,佛教数字资源中心(BDRC)编号 MW25975_3B9558。