Appearance
圣仙口传·梵音之歌
དྲང་སྲོང་དམ་པའི་ཞལ་རྒྱུན་གཏམ་དུ་བྱ་བ་ཚངས་པའི་གླུ་དབྱངས་ཞེས་བྱ་བ།
拉琼阿波尊者(土登喜饶嘉措,1905—1975)著
拉琼阿波尊者(土登喜饶嘉措,1905—1975)著
这是拉琼阿波于水鸡年(1933)应后藏一位女施主的恳请而写的劝修诗,当时作者二十八岁。全诗二十余偈,几乎每偈都以 མཛོད(请您……)作结,从暇满难得、死亡无常、业果不虚、轮回过患讲起,依次讲到解脱、依止善知识、空悲双运、破除宗派偏执、慈悲、皈依、持诵六字明、布施与三轮体空,最后直指自心无生、觉空赤裸的本来面目。作者自谦说,这些都只是照着大恩上师的教言记录下来的。
正文
ན་མོ་གུ་རུ་རཏྣ་ཡ།
顶礼珍宝上师!
顶礼珍宝上师!
སྲས་བཅས་རྒྱལ་བའི་འཕྲིན་ལས་འདུས་པའི་སྐུར།
ཡོངས་བཞེངས་དྲིན་ཆེན་བླ་མར་གུས་བཏུད་ནས།
ལྷག་བསམ་སྙིང་བརྩེ་མཆོག་ལྡན་མ་ཁྱེད་ལ།
ཉམས་ཆུང་ཁོ་བོས་དྲང་པོའི་གཏམ་ཞིག་གླེང་།
诸佛及佛子的事业,总集显现为您的身相。恭敬顶礼这位大恩上师之后,我这个卑微的人,要向具足殊胜善意与慈爱的母亲您,说几句直话。
ཡོངས་བཞེངས་དྲིན་ཆེན་བླ་མར་གུས་བཏུད་ནས།
ལྷག་བསམ་སྙིང་བརྩེ་མཆོག་ལྡན་མ་ཁྱེད་ལ།
ཉམས་ཆུང་ཁོ་བོས་དྲང་པོའི་གཏམ་ཞིག་གླེང་།
诸佛及佛子的事业,总集显现为您的身相。恭敬顶礼这位大恩上师之后,我这个卑微的人,要向具足殊胜善意与慈爱的母亲您,说几句直话。
ཀྱེ་ཧོ་ཚེ་རབས་སྔོན་གྱི་ལས་དབང་གིས།
ཞིང་འདིར་དམ་ཚིག་གཅིག་མཐུན་འདི་ལྟ་བུ།
རིང་ནས་སྨོན་པའི་འབྲས་བུ་དེང་དུས་འདིར།
མངོན་དུ་སྨིན་ལ་སྤྲོ་བ་བསྐྱེད་པར་མཛོད།
嗟呼!凭借往昔多生的业缘,我们如今在此同守三昧耶,如此相契。久远以来所祈愿的果实,今日已经现前成熟,请您为此生起欢喜。
ཞིང་འདིར་དམ་ཚིག་གཅིག་མཐུན་འདི་ལྟ་བུ།
རིང་ནས་སྨོན་པའི་འབྲས་བུ་དེང་དུས་འདིར།
མངོན་དུ་སྨིན་ལ་སྤྲོ་བ་བསྐྱེད་པར་མཛོད།
嗟呼!凭借往昔多生的业缘,我们如今在此同守三昧耶,如此相契。久远以来所祈愿的果实,今日已经现前成熟,请您为此生起欢喜。
ཤིན་ཏུ་རྙེད་དཀའི་དལ་འབྱོར་རིན་ཆེན་འདི།
ནམ་ཡང་མ་ཡིན་ད་རེས་ཁོ་ན་ཙམ།
ད་ལྟ་སྐབས་ལེགས་ཙམ་གྱིས་མ་ཡིན་པར།
ངེས་པར་ཐོབ་འདིར་སྙིང་པོ་ལེན་པར་མཛོད།
这极难获得的暇满珍宝,并非时时都有,只在这一次暂得。不要只满足于眼下境况顺遂,请切实摄取这次所得的精华。
ནམ་ཡང་མ་ཡིན་ད་རེས་ཁོ་ན་ཙམ།
ད་ལྟ་སྐབས་ལེགས་ཙམ་གྱིས་མ་ཡིན་པར།
ངེས་པར་ཐོབ་འདིར་སྙིང་པོ་ལེན་པར་མཛོད།
这极难获得的暇满珍宝,并非时时都有,只在这一次暂得。不要只满足于眼下境况顺遂,请切实摄取这次所得的精华。
འདི་ནི་མི་རྟག་འཆི་བའི་ཆོས་ཅན་ཏེ།
ཉིན་ཞག་གཅིག་ཀྱང་མི་འཆིའི་གདེངས་མེད་པས།
ད་ལྟ་གཡེང་བའི་དབང་དུ་མ་བཏང་བར།
གཏན་གྱི་མདུན་མ་དམ་ཆོས་བསྒྲུབ་པར་མཛོད།
此身无常,终须死亡,连一天不死的把握也没有。请不要任由眼前的散乱支配自己,修持正法,为长远的前程作准备。
ཉིན་ཞག་གཅིག་ཀྱང་མི་འཆིའི་གདེངས་མེད་པས།
ད་ལྟ་གཡེང་བའི་དབང་དུ་མ་བཏང་བར།
གཏན་གྱི་མདུན་མ་དམ་ཆོས་བསྒྲུབ་པར་མཛོད།
此身无常,终须死亡,连一天不死的把握也没有。请不要任由眼前的散乱支配自己,修持正法,为长远的前程作准备。
འཆི་བའི་དུས་དེར་ཅང་མེད་མ་ཡིན་པར།
དཀར་ནག་ལས་འབྲས་ཁང་རྒན་ཐིགས་པ་བཞིན།
ནམ་ཡང་ཆུད་མི་ཟ་བའི་དྲང་ཐིག་འདི།
རང་ཐོག་སྨིན་པ་ངེས་པར་མཁྱེན་པར་མཛོད།
死亡之时,并非一切归于乌有。善恶业果就像老屋檐下的滴水,点滴不差地落在原处,永不虚失。这条准绳必定成熟在自己身上,请您确切了知。
དཀར་ནག་ལས་འབྲས་ཁང་རྒན་ཐིགས་པ་བཞིན།
ནམ་ཡང་ཆུད་མི་ཟ་བའི་དྲང་ཐིག་འདི།
རང་ཐོག་སྨིན་པ་ངེས་པར་མཁྱེན་པར་མཛོད།
死亡之时,并非一切归于乌有。善恶业果就像老屋檐下的滴水,点滴不差地落在原处,永不虚失。这条准绳必定成熟在自己身上,请您确切了知。
སྲིད་འདིར་གནས་རིས་མཐོ་དམན་གར་སྐྱེས་ཀྱང་།
སྡུག་བསྔལ་གསུམ་གྱི་དམ་ལ་མ་བཞག་པའི།
ལུས་ཅན་སེམས་ཅན་གཅིག་ཀྱང་ཡོད་མིན་པས།
འཁོར་བ་འདི་ལས་ངེས་པར་དབྱུང་བར་མཛོད།
在这三有之中,无论投生高处低处,没有一个有身众生不被三苦所钳制。请一定从这轮回中出离。
སྡུག་བསྔལ་གསུམ་གྱི་དམ་ལ་མ་བཞག་པའི།
ལུས་ཅན་སེམས་ཅན་གཅིག་ཀྱང་ཡོད་མིན་པས།
འཁོར་བ་འདི་ལས་ངེས་པར་དབྱུང་བར་མཛོད།
在这三有之中,无论投生高处低处,没有一个有身众生不被三苦所钳制。请一定从这轮回中出离。
སྡུག་བསྔལ་རྒྱུ་བཅས་བྲལ་བ་ཐར་བ་སྟེ།
དེ་ཉིད་གཏན་བདེ་ཞི་བསིལ་བདུད་རྩི་མཆོག
འཐོབ་ཕྱིར་དུས་དང་གནས་སྐབས་ཐམས་ཅད་དུ།
བརྟུལ་ཞུགས་བརྟན་པོས་ཡེངས་མེད་བསྒྲུབ་པར་མཛོད།
远离痛苦及其因,便是解脱,那才是恒久安乐、寂静清凉的殊胜甘露。为了获得它,请在一切时候、一切境遇中,以坚定的禁行,不散乱地实修。
དེ་ཉིད་གཏན་བདེ་ཞི་བསིལ་བདུད་རྩི་མཆོག
འཐོབ་ཕྱིར་དུས་དང་གནས་སྐབས་ཐམས་ཅད་དུ།
བརྟུལ་ཞུགས་བརྟན་པོས་ཡེངས་མེད་བསྒྲུབ་པར་མཛོད།
远离痛苦及其因,便是解脱,那才是恒久安乐、寂静清凉的殊胜甘露。为了获得它,请在一切时候、一切境遇中,以坚定的禁行,不散乱地实修。
ལམ་མཆོག་བསྒྲུབ་རྣམས་རང་བཟོ་མ་ཡིན་པས།
ནོར་བུ་འདོད་པས་དེད་དཔོན་མཁས་བསྟེན་བཞིན།
མཚན་ཉིད་ལྡན་པའི་དགེ་བའི་བཤེས་གཉེན་རྣམས།
ལན་གཅིག་མིན་པར་དུས་ཀུན་བསྟེན་པར་མཛོད།
殊胜道的种种修法,不是可以自己编造的。正如求取珍宝的人要依靠善巧的商主,请恒常依止具足德相的善知识,不要亲近一次便算了。
ནོར་བུ་འདོད་པས་དེད་དཔོན་མཁས་བསྟེན་བཞིན།
མཚན་ཉིད་ལྡན་པའི་དགེ་བའི་བཤེས་གཉེན་རྣམས།
ལན་གཅིག་མིན་པར་དུས་ཀུན་བསྟེན་པར་མཛོད།
殊胜道的种种修法,不是可以自己编造的。正如求取珍宝的人要依靠善巧的商主,请恒常依止具足德相的善知识,不要亲近一次便算了。
དེ་ལས་ཕན་བདེའི་འབྲས་བུ་ཇི་སྙེད་ཀུན།
ངེས་པར་འབྱུང་བས་ལན་ལ་མི་རེ་བའི།
མཉེས་པ་གསུམ་གྱིས་ཞབས་ཏོག་འབུལ་བ་དང་།
ཅི་གསུངས་བཀའ་བཞིན་ནན་ཏན་བསྒྲུབ་པར་མཛོད།
一切利益安乐的果实,都必定由此而生。请不求回报,以三种令师欢喜之事承事供养,并依上师所说,认真奉行。
ངེས་པར་འབྱུང་བས་ལན་ལ་མི་རེ་བའི།
མཉེས་པ་གསུམ་གྱིས་ཞབས་ཏོག་འབུལ་བ་དང་།
ཅི་གསུངས་བཀའ་བཞིན་ནན་ཏན་བསྒྲུབ་པར་མཛོད།
一切利益安乐的果实,都必定由此而生。请不求回报,以三种令师欢喜之事承事供养,并依上师所说,认真奉行。
རྒྱལ་བའི་མགུལ་གྱི་བུམ་བཟང་ལས་བྱུང་བའི།
ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང་།
བགྲོད་གཅིག་མཐར་ཐུག་སངས་རྒྱས་ལ་སྦྱོར་ཐབས།
ཆུ་བརྒྱ་ཟམ་འོག་ཚུད་བཞིན་མཁྱེན་པར་མཛོད།
从诸佛喉间的妙宝瓶中流出的八万四千法门,最终同归一途,都是令人成佛的方法。请如百条河水都从一座桥下流过那样去理解。
ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང་།
བགྲོད་གཅིག་མཐར་ཐུག་སངས་རྒྱས་ལ་སྦྱོར་ཐབས།
ཆུ་བརྒྱ་ཟམ་འོག་ཚུད་བཞིན་མཁྱེན་པར་མཛོད།
从诸佛喉间的妙宝瓶中流出的八万四千法门,最终同归一途,都是令人成佛的方法。请如百条河水都从一座桥下流过那样去理解。
འདི་དོན་རྒྱ་ཆེར་འགྲེལ་ན་མང་མོད་ཀྱང་།
མདོར་བསྡུས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན།
ཟུང་འཇུག་བགྲོད་པ་གཅིག་པོའི་ལམ་མཆོག་འདི།
བརྗོད་བྱ་མཐར་ཐུག་ཡིན་པ་མཁྱེན་པར་མཛོད།
这个道理若要广说,内容很多;简要归纳,就是以空性与悲心为心髓、双运而行的这一条殊胜道路。请明白,这才是一切教法最终所要说明的宗旨。
མདོར་བསྡུས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན།
ཟུང་འཇུག་བགྲོད་པ་གཅིག་པོའི་ལམ་མཆོག་འདི།
བརྗོད་བྱ་མཐར་ཐུག་ཡིན་པ་མཁྱེན་པར་མཛོད།
这个道理若要广说,内容很多;简要归纳,就是以空性与悲心为心髓、双运而行的这一条殊胜道路。请明白,这才是一切教法最终所要说明的宗旨。
གངས་ཅན་ལྗོངས་འདིར་ས་དགེ་བཀའ་རྙིང་ཞེས།
རང་ཕྱོགས་བཟུང་ནས་གཞན་ཕྱོགས་ལ་སྨད་ཅིང་།
འདོད་སྡང་ཞེན་འཛིན་སྒྲོགས་ཀྱིས་བཅིངས་པ་རྣམས།
ས་ལམ་བར་ཆད་ཡིན་པས་ངེས་པར་མཛོད།
在这雪域之中,有人分出萨迦、格鲁、噶举、宁玛,执持自宗、贬斥他宗,被爱憎与执著的锁链捆缚。请认清,这些都是地道功德的障碍。
རང་ཕྱོགས་བཟུང་ནས་གཞན་ཕྱོགས་ལ་སྨད་ཅིང་།
འདོད་སྡང་ཞེན་འཛིན་སྒྲོགས་ཀྱིས་བཅིངས་པ་རྣམས།
ས་ལམ་བར་ཆད་ཡིན་པས་ངེས་པར་མཛོད།
在这雪域之中,有人分出萨迦、格鲁、噶举、宁玛,执持自宗、贬斥他宗,被爱憎与执著的锁链捆缚。请认清,这些都是地道功德的障碍。
ཚེ་རབས་སྔོན་ནས་དྲིན་གྱིས་བསྐྱངས་པ་ཡིས།
ཕ་མར་གྱུར་པའི་སེམས་ཅན་མ་ལུས་ཀུན།
ད་ལྟ་སྡུག་བསྔལ་རྒྱུ་འབྲས་ལ་སྤྱོད་པས།
སྙིང་རྗེ་བྱམས་སེམས་རྟག་ཏུ་བསྒོམ་པར་མཛོད།
往昔多生曾作我们父母、以恩德养育我们的一切众生,如今都在受用痛苦的因与果。请恒常修习悲心与慈心。
ཕ་མར་གྱུར་པའི་སེམས་ཅན་མ་ལུས་ཀུན།
ད་ལྟ་སྡུག་བསྔལ་རྒྱུ་འབྲས་ལ་སྤྱོད་པས།
སྙིང་རྗེ་བྱམས་སེམས་རྟག་ཏུ་བསྒོམ་པར་མཛོད།
往昔多生曾作我们父母、以恩德养育我们的一切众生,如今都在受用痛苦的因与果。请恒常修习悲心与慈心。
ཚངས་དང་ཁྱབ་འཇུག་དབང་ཕྱུག་ལ་སོགས་པས།
རྟེན་གྱི་སྐྱབས་མིན་རང་ཉིད་མ་གྲོལ་ཕྱིར།
ནམ་ཡང་མི་བསླུ་ཐུགས་རྗེའི་བདག་ཉིད་ཅན།
བླ་མ་དཀོན་མཆོག་གཏན་གྱི་སྐྱབས་བསྟེན་མཛོད།
梵天、遍入天、大自在天等,自己尚未解脱,不是可以依靠的皈依处。请依止永不欺诳、大悲为体性的上师三宝,作为恒久的皈依处。
རྟེན་གྱི་སྐྱབས་མིན་རང་ཉིད་མ་གྲོལ་ཕྱིར།
ནམ་ཡང་མི་བསླུ་ཐུགས་རྗེའི་བདག་ཉིད་ཅན།
བླ་མ་དཀོན་མཆོག་གཏན་གྱི་སྐྱབས་བསྟེན་མཛོད།
梵天、遍入天、大自在天等,自己尚未解脱,不是可以依靠的皈依处。请依止永不欺诳、大悲为体性的上师三宝,作为恒久的皈依处。
ཁ་བ་ཅན་འདི་ཕྱག་ན་པད་མོ་ཡི།
གདུལ་བྱ་ཡིན་པར་རྒྱལ་བས་ལུང་བསྟན་ཕྱིར།
གསང་སྔགས་སྙིང་པོ་ཀུན་འདུས་ཡིག་དྲུག་འདི།
སྒོ་གསུམ་གཡེངས་བ་སྤངས་ལ་བསྒྲང་བར་མཛོད།
佛陀曾授记,这片雪域是莲花手观音的所化之地。因此,请舍弃身语意三门的散乱,持诵这总摄一切密咒心髓的六字明。
གདུལ་བྱ་ཡིན་པར་རྒྱལ་བས་ལུང་བསྟན་ཕྱིར།
གསང་སྔགས་སྙིང་པོ་ཀུན་འདུས་ཡིག་དྲུག་འདི།
སྒོ་གསུམ་གཡེངས་བ་སྤངས་ལ་བསྒྲང་བར་མཛོད།
佛陀曾授记,这片雪域是莲花手观音的所化之地。因此,请舍弃身语意三门的散乱,持诵这总摄一切密咒心髓的六字明。
ཟག་བཅས་ལམ་གྱི་སྙིང་པོ་སྦྱིན་པ་སྟེ།
དེ་ཉིད་ཁྱིམ་པ་བྱང་སེམས་ལམ་ཡིན་ཕྱིར།
ནམ་ཡང་སེར་སྣའི་སྒྲོགས་ཀྱིས་བཅིངས་མིན་པར།
རྟག་པར་མཆོད་སྦྱིན་སྒོ་འཕར་དབྱེ་བར་མཛོད།
有漏道的心要是布施,这也是在家菩萨所行的道路。请不要被悭吝的锁链捆缚,常常敞开供养与布施的大门。
དེ་ཉིད་ཁྱིམ་པ་བྱང་སེམས་ལམ་ཡིན་ཕྱིར།
ནམ་ཡང་སེར་སྣའི་སྒྲོགས་ཀྱིས་བཅིངས་མིན་པར།
རྟག་པར་མཆོད་སྦྱིན་སྒོ་འཕར་དབྱེ་བར་མཛོད།
有漏道的心要是布施,这也是在家菩萨所行的道路。请不要被悭吝的锁链捆缚,常常敞开供养与布施的大门。
ཐབས་ཀྱི་ཆ་རྣམས་འཁོར་གསུམ་མི་རྟོག་པའི།
ཤེས་རབ་ཀྱིས་ཟིན་ཟག་མེད་དགེ་བ་ཞེས།
མཐར་ཐུག་རྣམ་མཁྱེན་མཆོག་ལ་སྦྱོར་བྱེད་པའི།
དངོས་རྒྱུ་ཡིན་པ་ངེས་པར་མཁྱེན་པར་མཛོད།
种种方便分,若由不分别三轮的智慧摄持,便称为无漏善法。请确知,这是趋向究竟殊胜遍智的直接因。
ཤེས་རབ་ཀྱིས་ཟིན་ཟག་མེད་དགེ་བ་ཞེས།
མཐར་ཐུག་རྣམ་མཁྱེན་མཆོག་ལ་སྦྱོར་བྱེད་པའི།
དངོས་རྒྱུ་ཡིན་པ་ངེས་པར་མཁྱེན་པར་མཛོད།
种种方便分,若由不分别三轮的智慧摄持,便称为无漏善法。请确知,这是趋向究竟殊胜遍智的直接因。
དེ་སོགས་སྤྲོས་ཚོགས་མང་པོས་ཅི་ཞིག་བྱ།
མདོར་ན་དུས་དང་རྣམ་པ་ཐམས་ཅད་དུ།
རང་སེམས་སྐྱེ་མེད་རིག་སྟོང་རྗེན་ནེ་བའི།
རང་ཞལ་མཇལ་ནས་རང་ངོ་བསྐྱང་བར་མཛོད།
何必再铺陈许多言说?总之,在一切时候、一切情形中,请亲见自心无生、觉空赤裸的本来面目,认出之后,护持这一本面。
མདོར་ན་དུས་དང་རྣམ་པ་ཐམས་ཅད་དུ།
རང་སེམས་སྐྱེ་མེད་རིག་སྟོང་རྗེན་ནེ་བའི།
རང་ཞལ་མཇལ་ནས་རང་ངོ་བསྐྱང་བར་མཛོད།
何必再铺陈许多言说?总之,在一切时候、一切情形中,请亲见自心无生、觉空赤裸的本来面目,认出之后,护持这一本面。
ཀྱེ་མ་རང་ལ་ཉམས་མྱོང་ལྟ་ཅི་ཞིག
གོ་ཡུལ་དུའང་འདི་དག་མི་གནས་ན།
གཞན་ལ་བརྗོད་འདི་འདབ་ཆགས་སྨྲ་མཁན་བཞིན།
ཡིན་ཀྱང་ཐུགས་གསོས་ཐུགས་ལ་བཅང་བར་མཛོད།
唉!我自己哪里谈得上亲身体验,连在理解上,这些道理都还没有立住。这样对别人讲说,就像会学人说话的鸟一样。即便如此,仍请您把它当作滋养心灵的食粮,记在心中。
གོ་ཡུལ་དུའང་འདི་དག་མི་གནས་ན།
གཞན་ལ་བརྗོད་འདི་འདབ་ཆགས་སྨྲ་མཁན་བཞིན།
ཡིན་ཀྱང་ཐུགས་གསོས་ཐུགས་ལ་བཅང་བར་མཛོད།
唉!我自己哪里谈得上亲身体验,连在理解上,这些道理都还没有立住。这样对别人讲说,就像会学人说话的鸟一样。即便如此,仍请您把它当作滋养心灵的食粮,记在心中。
འདི་འདྲའི་ཡི་གེ་བྲི་བར་དགོས་མེད་ཀྱང་།
མ་ཉིད་དག་སྣང་བཟང་པོའི་ཉེར་ལེན་གྱིས།
ནན་བསྐུལ་མ་ལྡོག་རང་བཟོས་ཀྱང་མིན་པར།
བཀའ་དྲིན་ཅན་དེའི་གསུངས་ལས་ཐོས་བཞིན་བྲིས།
写这样的文字本无必要,但母亲您以善妙清净的心一再恳请,我不忍违逆。所写的也不是我自己杜撰的,而是照着从那位大恩上师口中听来的教言记录下来。
མ་ཉིད་དག་སྣང་བཟང་པོའི་ཉེར་ལེན་གྱིས།
ནན་བསྐུལ་མ་ལྡོག་རང་བཟོས་ཀྱང་མིན་པར།
བཀའ་དྲིན་ཅན་དེའི་གསུངས་ལས་ཐོས་བཞིན་བྲིས།
写这样的文字本无必要,但母亲您以善妙清净的心一再恳请,我不忍违逆。所写的也不是我自己杜撰的,而是照着从那位大恩上师口中听来的教言记录下来。
འདིར་འབད་དགེ་བས་ཚེ་འདིའི་ཕ་མས་གཙོས།
བཟང་ངན་ལས་ཀྱིས་འབྲེལ་བའི་འགྲོ་ཚོགས་ཀུན།
ཐར་མེད་སྲིད་པའི་སྡུག་བསྔལ་དང་བྲལ་ནས།
ཀུན་མཁྱེན་སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོ།
以此番用心写作的善根,回向以今生父母为首、一切因善恶业而与我结缘的众生,愿他们远离难以出脱的三有痛苦,成为证得遍知佛果之因。
བཟང་ངན་ལས་ཀྱིས་འབྲེལ་བའི་འགྲོ་ཚོགས་ཀུན།
ཐར་མེད་སྲིད་པའི་སྡུག་བསྔལ་དང་བྲལ་ནས།
ཀུན་མཁྱེན་སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོ།
以此番用心写作的善根,回向以今生父母为首、一切因善恶业而与我结缘的众生,愿他们远离难以出脱的三有痛苦,成为证得遍知佛果之因。
དེ་ལྟར་དམ་ཆོས་བདུད་རྩིའི་སྙིང་ཁུའི་བཅུད།
རབ་དཀར་ལྷ་རྫས་པཉྩ་ལི་ཀ་དང་།
རྫོགས་པའི་སངས་རྒྱས་འོད་སྲུང་འཕེལ་གདུང་བཅས།
ཁྱོད་ཐུགས་ཀུན་ཏུ་དགྱེས་ཕྱིར་གུས་པས་ཕུལ།
如此,将这正法甘露的精华,连同洁白的天衣帛巾,以及圆满佛陀迦叶佛的增生舍利,一并恭敬奉上,愿令您的心常得欢喜。
རབ་དཀར་ལྷ་རྫས་པཉྩ་ལི་ཀ་དང་།
རྫོགས་པའི་སངས་རྒྱས་འོད་སྲུང་འཕེལ་གདུང་བཅས།
ཁྱོད་ཐུགས་ཀུན་ཏུ་དགྱེས་ཕྱིར་གུས་པས་ཕུལ།
如此,将这正法甘露的精华,连同洁白的天衣帛巾,以及圆满佛陀迦叶佛的增生舍利,一并恭敬奉上,愿令您的心常得欢喜。
跋文
ཞེས་པ་འདི་བཞིན་བྲི་བར་ཤིན་ཏུ་ནོངས་ནའང་གཙང་ཁང་དཀར་བསམ་སྡིངས་ཀྱི་མ་ཡུམ་སྐུ་ཞབས་ནས་སེམས་ལ་ཕན་པའི་ཐབས་ཤིག་བྲི་དགོས་ཞེས་འབྲི་གཞིའི་ཤོག་བུ་དང་གནང་སྐྱེས་བཅས་ནན་སྐུལ་མི་ལྡོག་ཙམ་དུ་གྲུབ་དབང་རྫོགས་ཆེན་པའི་ཞབས་རྡུལ་སྤྱི་བོས་ལེན་པ་རྨོངས་པ་པྲཛྙའི་མིང་པས། ཆུ་བྱ་ཟླ་༩་ཚེས་༡༣་བཟང་པོར་བྲིས་ནས་ཕུལ་བ་ཐུགས་དབྱིངས་སུ་བསྟིམ་རྒྱུ།།
如上这些话,本不该由我来写。但后藏康嘎桑顶的母亲尊者嘱我写一篇对心有益的方法,并赐下书写用的纸张和礼物,再三恳切敦促,我不忍违逆。于是,我这个以头顶承接成就自在佐钦巴足尘、愚昧而名为般若的人,于水鸡年藏历九月十三日吉日写成敬呈,祈请纳入您的心中。
如上这些话,本不该由我来写。但后藏康嘎桑顶的母亲尊者嘱我写一篇对心有益的方法,并赐下书写用的纸张和礼物,再三恳切敦促,我不忍违逆。于是,我这个以头顶承接成就自在佐钦巴足尘、愚昧而名为般若的人,于水鸡年藏历九月十三日吉日写成敬呈,祈请纳入您的心中。
译注
一、题名。ཚངས་པའི་གླུ་དབྱངས 直译是梵天的歌声,汉传通行的说法即梵音,指清净美妙的音声,所以译作梵音之歌。这不是梵天所说,也不是佛经。全篇是作者应请写给一位女施主的劝修诗。
二、母亲尊者。正文称受文人为 མ་ཁྱེད、མ་ཉིད(母亲您),跋文称 གཙང་ཁང་དཀར་བསམ་སྡིངས་ཀྱི་མ་ཡུམ་སྐུ་ཞབས,译作后藏康嘎桑顶的母亲尊者。这一地名或家族名应如何分读,受文人是谁,存疑待考。不能据此称呼认定她是作者的生母,也不能直接认定为桑顶寺的多吉帕姆。
三、三昧耶。དམ་ཚིག་གཅིག་མཐུན 是在三昧耶上彼此相契,说明两人有共同的密乘法缘。二人具体是什么传法关系,原文没有交代。
四、老屋檐水。ཁང་རྒན་ཐིགས་པ 是旧屋檐漏下的水,总是一滴一滴落在同一处,丝毫不差,用来比喻业果不虚、必定成熟在自己身上。དྲང་ཐིག 字面是墨线、准绳。
五、三苦。即苦苦、坏苦、行苦。苦苦是直接的痛苦,坏苦是快乐变坏时显出的痛苦,行苦是有为诸法受因缘支配、不得自在的处境。
六、令师欢喜的三种事。མཉེས་པ་གསུམ 通常指以财物供养、以身语承事、依教修行三者,三者之中以依教修行为最上。本偈紧接着说依上师所说认真奉行,正是这个意思。
七、百川一桥。ཆུ་བརྒྱ་ཟམ་འོག་ཚུད 是藏地俗语,百条河水最终都从一座桥下流过,比喻八万四千法门同归成佛一途。
八、空悲双运。原文直接说以空性与悲心为心髓、双运而行,空性与悲心并举,不是先否定众生,再另外添加一种悲心的态度。
九、宗派之见。ས་དགེ་བཀའ་རྙིང 依次是萨迦、格鲁、噶举、宁玛。作者批评的是执自贬他、被爱憎执著所缚,不是说各派教法不必区分。宁玛派的作者在1933年写下这一偈,可见他一贯不分宗派的立场。
十、皈依颂首词。原刻作 ཏེན,上面没有 ར,应是 རྟེན 脱了 ར,按 རྟེན(依靠)读,文义通顺。
十一、有漏、无漏与三轮。有漏,指还受烦恼执著影响;无漏,指远离烦恼染污。三轮就布施说,即施者、受者和所施之物。原文强调的是方便要由不分别三轮的智慧摄持,不是说可以不做布施。
十二、觉空赤裸。རང་སེམས་སྐྱེ་མེད་རིག་སྟོང་རྗེན་ནེ་བ,是自心无生、明觉与空性无别、赤裸无遮的本来面目,不是让心变成一片空白、停止一切觉知。
十三、会说话的鸟。འདབ་ཆགས་སྨྲ་མཁན 只说是会学人说话的鸟,常见的理解是鹦鹉,原文没有写出具体的鸟名。
十四、供物。ལྷ་རྫས་པཉྩ་ལི་ཀ 中的 པཉྩ་ལི་ཀ 是梵语 pañcālika 的音写,与 ལྷ་རྫས 连用,指天界的细软白布,供养用的哈达常这样称呼,这里译作天衣帛巾。འོད་སྲུང 是迦叶佛,འཕེལ་གདུང 是增生舍利,都依原文所称译出。
十五、佐钦巴。跋文的 གྲུབ་དབང་རྫོགས་ཆེན་པ,藏文单称 རྫོགས་ཆེན་པ 时,通常指佐钦寺的法主佐钦仁波切。作者早年在佐钦寺求学,写这篇的1933年,第五世佐钦仁波切土登却吉多杰(1872—1935)还在世,所指很可能就是这位上师。此说存疑待考,所以正文只译作成就自在佐钦巴。
十六、署名与纪年。作者在这里署名 པྲཛྙ(般若),即他法名中喜饶(智慧)的梵译。水鸡年按作者生卒年推定为1933年,1953年是水蛇年,不合。文中的九月十三日是藏历,没有换算公历。
十七、录文订正。跋文的恳切敦促一词,原刻作 ནན་སྐུལ,与正文 ནན་བསྐུལ 相呼应,不作 ནན་སྩལ。暇满颂第三句,原刻作 སྐབས་ལེགས(眼下境况顺遂),不作 སྟབས་ལེགས。
作者简介
拉琼阿波(བླ་ཆུང་ཨ་ཕོ་),法名土登喜饶嘉措(ཐུབ་བསྟན་ཤེས་རབ་རྒྱ་མཚོ་,1905—1975),二十世纪宁玛派上师、学者、诗人,文献中又称贡觉拉琼。他早年在佐钦寺求学,后来协助敦珠仁波切撰写阐述宁玛派教理体系的名著。他是根敦群培的挚友和传记作者。他的杂著由达兰萨拉西藏文献图书馆于2002年结集出版。他与堪布阿琼(堪布阿旺巴桑,1879—1941)是两个人,不可混同。
文本来源
藏文依《土登喜饶嘉措杂著》(gsung thor bu,西藏文献图书馆,2002)第106至111页扫描本识读,佛教数字资源中心(BDRC)编号 MW25975_B367A4。
