Skip to content

自我策励·清净良友的肺腑之言

རང་ལ་བསྐུལ་བ་གཉེན་བཤེས་དྭངས་མའི་སྙིང་གཏམ་ཞེས་བྱ་བ་བཞུགས་སོ།
拉琼阿波尊者(土登喜饶嘉措,1905—1975)著

这是一首嘎夏(ཀ་བཤད),即字母诗。前三十句依藏文三十个字母的次序起头,从 ཀ 一直到 ཨ,再加两句收束,最后四句是向上师的祈请,共九偈三十六句。据跋文,作者是在尼泊尔斯瓦扬布佛塔前忆念上师与教言,自觉心中没有真正的修持,悲从中来,写下这首诗来策励自己。诗中从上师三身的祈请写起,讲平常心与光明之乘,再讲寂静处的正念、不出于自我欲求的禁行与悲心,最后痛斥只多闻而不修心的毛病。文中有几处词语尚未识定,译文中以〔待考〕标出,说明见译注。

正文
ན་མོ་གུ་རུ།
南无咕噜!
ཀ་དག་སྤྲོས་པ་ཀུན་བྲལ་དབུ་མ་ཡི་ཀློང་ན།
ཁ་སྦྱོར་ཡན་ལག་བདུན་ལྡན་འགགས་མེད་ཀྱི་ཆོ་འཕྲུལ།
གང་འདུལ་འཕྲིན་ལས་ལྷུན་རྫོགས་རྒྱལ་ཀུན་གྱི་སྤྱི་གཟུགས།
ངོ་མཚར་ཆུ་ཟླའི་གར་མཁན་དྲིན་ཅན་རྗེ་མཁྱེན་ནོ།
在本来清净、离一切戏论的中观法界之中;是具足和合七支、无有间断的神变;是随所调化而事业任运圆满、一切诸佛的总集之身;是稀有如水中月影的舞者。恩德深重的上师,请您垂鉴。
ཅ་ཅོའི་ཚིག་གིས་མི་མཚོན་ཐ་མལ་གྱི་ཤེས་པ།
ཆ་བྱད་གཟུགས་ལ་མི་ལྟོས་རང་སྣང་འདི་རྟོགས་ན།
ཇ་ཆང་འདོད་ཡོན་རྒྱ་མཚོར་ཞེན་མེད་ཀྱིས་སྤྱོད་ཀྱང་།
ཉ་རྒྱས་ཟླ་ཤར་གྲོལ་བའི་ཁྱད་ཆོས་འདི་ཟད་དོ།
平常心,不是唧唧喳喳的言语所能表示的。它不依赖装束和外表,若能证悟这一自现,即使毫无贪执地受用如海的茶酒与妙欲,也如满月升空,这正是解脱的殊胜之处〔末词待考〕。
ཏ་ཐ་ག་ཏའི་ཆོས་ཚུལ་ཇི་སྙེད་ཀྱི་ཡོངས་བཅུད།
ཐ་དག་གཅིག་ཏུ་འདུས་པ་འོད་གསལ་གྱི་ཐེག་པ།
ད་ལྟ་སྙིགས་དུས་འདི་རུ་ཉམས་ལེན་ལ་བརྩོན་ན།
ན་ཚོད་རྒན་གཞོན་དབང་པོ་རྣོ་རྟུལ་ལ་མི་ལྟོས།
如来所有法门的全部精华,统统汇为一体,就是光明之乘。如今在这浊世,若能精进修持,便不论年老年少,也不论根器利钝。
པ་ཊིའི་རྒྱུན་བཞིན་ཉིན་མཚན་བར་མེད་དུ་བསྒོམས་ནས།
ཕ་རོལ་གཟུགས་སོགས་ཚོགས་དྲུག་ཡུལ་སྣང་གི་རྩལ་རྣམས།
བ་ཀན་སླས་ནང་ཞུལ་བའི་ངང་ཚུལ་འདི་གཟིགས་ནས།
མ་ལུས་རང་སར་ཞོག་ལ་ཞེན་པ་ཡིས་མ་བཅིངས།
如〔待考〕之相续不断,日夜无间地修习。对于外在色等六聚境界显现的妙力,看清它们〔待考〕的情形之后,便让一切毫无遗漏地各安本位,不要被贪执捆住。
ཙ་ཤིང་རུལ་འདྲིའི་འདིར་སྣང་ལོངས་སྤྱོད་དང་གཉེན་འདུན།
ཚ་གྲང་དམྱལ་བའི་སྡུག་བསྔལ་ཁུར་ཆེན་གྱི་བསྐོན་མ།
ཛ་ཛོར་འདུ་ལོངས་མ་མང་དཔེན་པ་ཡི་ནགས་སུ།
ཝ་སྐྱེས་ཁྲོང་དུ་ཉལ་བཞིན་དྲན་པ་འདི་སྐྱོངས་ཤིག
今生所见的财富与亲友,就像朽草腐木,却是把冷热地狱之苦这副重担压到身上的东西。到少有喧嚣忙乱的寂静林中去,要像狐狸卧在穴中那样,守护这份正念。
ཞ་བོ་མལ་དུ་ཉལ་བཞིན་འགྲོ་འདུག་ཀུན་སྐྱུངས་ནས།
ཟ་ཉལ་བཤང་གཅི་འདོར་ཙམ་གདོས་བཅས་ཀྱི་མཚན་ཉིད།
འལ་འོལ་གཡོ་སྒྱུ་མིན་པའི་རང་ཚུགས་ཤིག་བཟུང་ནས།
ཡ་མཚན་གྲུབ་པའི་རྗེས་སུ་སྙེགས་པ་ཞིག་མཛོད་ཅིག
要像瘸子躺在床上那样,减少一切来来去去的营求。吃饭、睡觉、大小便,不过是这个有色身体本来的样子而已。守住一份不敷衍、不虚伪的本色,追随那些成就了稀有功德的人吧。
ར་ཆང་གིས་མྱོས་འདྲའི་བརྟུལ་ཞུགས་ཀྱི་སྤྱོད་པ།
ལར་ནས་རང་འདོད་མིན་པ་བྱུང་རྒྱལ་དུ་སྤྱད་ཀྱང་།
ཤ་ཚ་སྙིང་རྗེའི་སེམས་འདི་གོང་འཕེལ་དུ་འདུག་ན།
ས་ཐོབ་འཕགས་པའི་རྗེས་སུ་འགྲོ་བ་ཞིག་ཡོས་ཡིན།
那如醉酒一般的禁行,纵然看似随兴而为,其实根本不出于自己的欲求。只要那颗关切众生的温热悲心不断增长,便是在追随登地圣者。
ཧ་ཅང་ཐོས་པར་བརྩོན་ཀྱང་རང་རྒྱུད་ལ་མ་སྦྱར།
ཨ་མཚར་ལྟེད་མོར་ཞེན་པའི་བྱིས་པ་ཡི་ཚུལ་བཞིན།
ཁ་བཤད་ནེ་ཙོའི་ཆོས་བཞིན་བག་མེད་དུ་སྨྲ་བ།
ངན་སྐྱུགས་དྲི་ཆེན་གོ་ཁའི་ཐལ་བ་ཡི་ཚོད་ཅིག
若只是拼命多闻,却不用在自己心上,就像贪看稀奇热闹的孩童;把佛法当成空口白话,像鹦鹉学舌一样随随便便地说说而已,那不过如呕吐物、粪秽和灶前的炉灰一般。
གསོལ་བ་འདེབས་སོ་ཕ་གཅིག་དྲིན་ཆེན་གྱི་བླ་མ།
ཐུགས་རྗེས་ཟུངས་ཤིག་མགོན་མེད་ཉམས་ཐག་གི་འགྲོ་བ།
བྱིན་གྱིས་རློབས་ཤིག་ལས་ངན་སྡིག་སྒྲིབ་ཅན་བདག་ལ།
མཆོག་གི་དངོས་གྲུབ་ཚེ་འདིར་ཐོབ་པ་ཞིག་མཛོད་ཅིག
我向您祈请,唯一的父亲、大恩上师:请以悲心摄受无依无怙、困苦的众生;请加持恶业深重、罪障缠身的我,令我今生就证得殊胜成就。
跋文
ཅེས་པ་འདི་ནི་བླ་མ་དང་གདམས་ངག་དྲན་ནས་རང་རྒྱུད་ལ་ཉམས་ལེན་མེད་པས་ཤིན་ཏུ་སྐྱོ་བས་དབང་མེད་དུ་ཤིང་བྱི་ཟླ་ ༧ ཚེས་ ༩ ལ་བལ་ཡུལ་འཕགས་པ་ཤིང་ཀུན་གྱི་དྲུང་དེར་བློ་རྟུལ་པས་བྲིས་པ་དགེ།།
这首诗,是我忆念上师与教言,却自觉心中毫无修持,深感悲伤,不由自主地,于木鼠年七月初九,在尼泊尔圣者兴衮(斯瓦扬布佛塔)前,由我这个钝根之人写下的。愿善妙!
译注

一、嘎夏字母诗。前三十句依次以 ཀ ཁ ག ང ཅ ཆ ཇ ཉ ཏ ཐ ད ན པ ཕ བ མ ཙ ཚ ཛ ཝ ཞ ཟ འ ཡ ར ལ ཤ ས ཧ ཨ 起头,再加两句收束,最后四句祈请,共九偈三十六句,开头的南无咕噜不计在内。诗中若干词形兼受字母起首的限制,比如 ཙ་ཤིང(即草木)、ཏ་ཐ་ག་ཏ(如来),这些拼写是出于作者有意、原刻还是录入,要分别判断。第八偈的 ཁ་བཤད(空口白话)与本诗体裁名 ཀ་བཤད(嘎夏)音近,读来像是作者自嘲,这只是一种读法。

二、上师三身与和合七支。第一偈分别从三身礼赞上师:本净离戏的法界是法身;和合七支、无有间断的神变是报身;随机调化、事业任运是化身;最后合为如水月般显现的上师。和合七支(ཁ་སྦྱོར་ཡན་ལག་བདུན)是密续中描述报身双运境界的专门术语,不是泛泛的七种功德。同句的 ཆོ་འཕྲུལ,原刻首字的字形近于 ཚོ,按词义读作 ཆོ་འཕྲུལ(神变)。

三、平常心。第二偈的 ཐ་མལ་གྱི་ཤེས་པ 是大圆满、大手印所说的平常心,是正面的说法。本站所收作者致喀多仁波切的书信中,ཐ་མལ་བཞུགས 是像凡夫那样过日子的意思,两处不可混同。

四、满月升空。第二偈末句原刻作 ཉ་རྒྱས་ཟླ་ཤར,ཉ་རྒྱས 是满月,ཟླ་ཤར 是月亮升起,所以译作如满月升空。此前的初稿曾误读为 ཉ་རྒྱུས、ཟླ་ཧར,并据此附会出鱼游月影的譬喻,现已撤下。满月升空与解脱的殊胜之处是怎样的比喻关系,原文没有展开。句末 ཟད་དོ 依字形录出,首字也可能另有读法,所以中文标为待考。

五、光明之乘。本篇作者是宁玛派上师,结合上下文,光明之乘可以从大圆满教法来理解,但原句并没有直接写出大圆满一词。ཡོངས་བཅུད 即全部精华。

六、第四偈两处待考。པ་ཊིའི་རྒྱུན 的 པ་ཊི 词义不明,རྒྱུན 只能确定是相续不断,不能据此认定是水流,所以中文只译相续不断。བ་ཀན་སླས་ནང་ཞུལ་བ 整个譬喻尚未解开,其中 ཞུལ 有沉淀、沉落等义,但不宜据一个字的拟义扩展成整句,所以中文留空待考。末句 མ་ལུས་རང་སར་ཞོག 意思清楚,是让一切各安本位,不是说境界消失。

七、寂静林与狐狸。第五偈 ཛ་ཛོར 是喧闹,འདུ་ལོངས 是忙乱的俗务,这个词也见于作者致喀多仁波切的书信。དཔེན 依原刻录出,当是 དབེན(寂静)。ཝ་སྐྱེས 取狐狸之义,以卧穴之狐作喻,劝人守护正念。ཁྲོང 一字的确切含义待考。

八、禁行。第七偈的 བརྟུལ་ཞུགས་ཀྱི་སྤྱོད་པ 是禁行,指密乘瑜伽士超越常规的特殊修行方式。原文明说这种行持根本不出于自己的欲求(ལར་ནས་རང་འདོད་མིན་པ),衡量的标准在于悲心是否增长。句末 ཡོས་ཡིན 依原刻录出,可能是口语 ལོས་ཡིན(当然是、必定是)的异写,待考,中文按上下文译作便是。

九、多闻不修。第八偈 ལྟེད་མོ 即 ལྟད་མོ(热闹、表演),ནེ་ཙོ 是鹦鹉。གོ་ཁ 是灶前,指灶下取灰、众人围坐取暖的地方,与 ཐལ་བ 连用,即灶前的炉灰。

十、日期与地点。跋文所录木鼠年,若录字无误,按作者生卒年1905—1975推算,应是1924年,当时作者约十九岁。具体年代尚待与原图及作者的生平行迹互相校核。འཕགས་པ་ཤིང་ཀུན 是藏人对尼泊尔斯瓦扬布佛塔的称呼。

作者简介

拉琼阿波(བླ་ཆུང་ཨ་ཕོ་),法名土登喜饶嘉措(ཐུབ་བསྟན་ཤེས་རབ་རྒྱ་མཚོ་,1905—1975),二十世纪宁玛派上师、学者、诗人,文献中又称贡觉拉琼。据 Lotsawa House,他是根敦群培的挚友和传记作者。据 Rigpa Wiki,他早年在佐钦寺求学,后来协助敦珠仁波切撰写阐述宁玛派教理的名著,即后来英译为 The Nyingma School of Tibetan Buddhism 中的教理部分。他的杂著由达兰萨拉西藏文献图书馆于2002年结集出版。他与堪布阿琼(堪布阿旺巴桑,1879—1941)是两个人,不可混同。

文本来源

藏文依《土登喜饶嘉措杂著》(gsung thor bu,西藏文献图书馆,2002)第94至97页扫描本识读,佛教数字资源中心(BDRC)编号 MW25975_469F09。

BDRC:https://library.bdrc.io/show/bdr:MW25975_469F09

藏汉佛教精华 · DharmaTrove