Appearance
诸乘总摄释·白莲花束
ཐེག་བསྡུས་རྣམ་བཤད་པད་དཀར་ཆུན་པོ་ཞེས་བྱ་བ་བཞུགས་སོ།
拉琼阿波尊者(土登喜饶嘉措,1905—1975)著
拉琼阿波尊者(土登喜饶嘉措,1905—1975)著
这是拉琼阿波于1966年写成的一篇总摄全部佛法的短论。他以佛陀的一首偈颂为纲:诸恶莫作,众善奉行,调伏自心,是诸佛教。依次说明这四句在世间乘、声闻缘觉乘、菩萨乘、密咒乘中各是什么意思:每一乘都有它所断的恶、所行的善、调心的方法,以及所得的果。最后依阿里班钦《三律仪决定论》的六条原则,说明别解脱戒、菩萨戒、密咒戒三者如何在同一个人身上并行不悖。从人天善法到大圆满,一偈贯通,层层递进,是一篇难得的九乘次第纲要。作者自述,这是为当时流亡中的本族青年而写,希望他们能方便地进入这条善道。此论曾奉怙主之命刊印。
礼敬与总纲
སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།
顶礼释迦牟尼佛!
顶礼释迦牟尼佛!
དེ་ཡང་། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་ཞལ་ནས།
我们的大悲导师亲口说:
我们的大悲导师亲口说:
སྡིག་པ་ཅི་ཡང་མི་བྱ་ཞིང་། །
诸恶一概莫作,
དགེ་བ་ཕུན་སུམ་ཚོགས་པར་སྤྱད། །
众善圆满奉行,
རང་གི་སེམས་ནི་ཡོངས་སུ་འདུལ། །
彻底调伏自心,
འདི་ནི་སངས་རྒྱས་བསྟན་པ་ཡིན། །
这就是佛的教法。
诸恶一概莫作,
དགེ་བ་ཕུན་སུམ་ཚོགས་པར་སྤྱད། །
众善圆满奉行,
རང་གི་སེམས་ནི་ཡོངས་སུ་འདུལ། །
彻底调伏自心,
འདི་ནི་སངས་རྒྱས་བསྟན་པ་ཡིན། །
这就是佛的教法。
ཞེས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་ཐེག་པ་ཐམས་ཅད་ཀྱི་དོན་གནད་གཞི་ལམ་འབྲས་བུའི་རྣམ་གཞག་མ་ལུས་པ་ཚིགས་སུ་བཅད་པ་གཅིག་གི་ནང་དུ་བསྡུས་ཏེ་གསུངས་པའི་དོན་ཅུང་ཟད་འཆད་པར་སྤྲོའོ།། འདི་ལ་གསུམ། འཇིག་རྟེན་པའི་ཐེག་པ། འཇིག་རྟེན་ལས་འདས་པའི་ཐེག་པ། དོན་བསྡུ་བའོ།
这一偈,把八万四千法蕴的精华、一切乘的要义,以及基、道、果的全部安立,都摄在一首偈颂之中。现在我想把其中的意思略作解释。分为三部分:一、世间乘;二、出世间乘;三、总摄其义。
一、世间乘
དང་པོ་འཇིག་རྟེན་པའི་ཐེག་པ་ནི། མངོན་མཐོ་ལྷ་དང་། མིའི་རྟེན་ཅན་རྒྱས་འགྱུར་གྱི་རིགས་སད་པའི་གང་ཟག་གང་ཞིག་ངན་སོང་གི་སྡུག་བསྔལ་ལ་འཇིགས་པས་ལྷ་དང་། མིའི་གོ་འཕང་དོན་དུ་གཉེར་ཏེ་ལུས་ངག་ཡིད་གསུམ་གྱི་ཡུལ་དུ་གྱུར་པའི་སྤང་བྱ་རང་བཞིན་གྱི་སྡིག་པ་མི་དགེ་བ་བཅུ་པོ་ཆ་དང་བཅས་པ་ཅི་ཡང་མི་བྱ་བར་སྤོང་ཞིང་། བླང་བྱ་བསོད་ནམས་ཆ་མཐུན་གྱིས་བསྡུས་པའི་དགེ་བ་བཅུ་པོ་མ་ལུས་པ་དང་དུ་ལེན་པས་ཕུན་སུམ་ཚོགས་པ་ཡང་དག་པར་སྤྱད་པས། མཆོག་གསུམ་སྐྱབས་སུ་གཟུང་སྟེ་མི་ཆོས་གཙང་མ་བཅུ་དྲུག་གིས་རྒྱུད་བསྡམ་ཞིང་། རང་གི་སེམས་ནི་ལས་དང་། ལས་འབྲས་ལ་ཡིད་ཆེས་པའི་དད་པ་བརྟན་པོས་ཡོངས་སུ་འདུལ་བ་སྟེ། འདི་ལྟ་བུའི་འཇིག་རྟེན་པའི་ཡང་དག་ལྟ་བ་དང་ལྡན་པ་དེ་ནི་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉམ་མེད་དོན་ཀུན་གྲུབ་པའི་བསྟན་པ་ལ་དོན་གྱིས་ཞུགས་པ་ཡིན་ཏེ། ཇི་སྐད་དུ། ཤེས་རབ་བརྒྱ་པ་ལས།
所谓世间乘,是指具足人天增上生之身、增上种姓已经苏醒的人,因为畏惧恶趣之苦,希求人天果位:对于身、语、意所涉及的、应当断除的本性罪十不善及其支分,一概不作而断除;对于应当受持、属于福德分的十善,毫无遗漏地受持,圆满如实地奉行。他以三宝为皈依处,以十六条清净人法约束自身,又以深信业与业果的坚定信心,彻底调伏自心。具足这样世间正见的人,实际上已经进入了我们的导师、圆满正等觉、无与伦比的义成佛陀的教法。正如《智慧百论》所说:
མི་ཡི་ཆོས་ལུགས་ལེགས་སྤྱད་ན། །
若能善行人间正道,
ལྷ་ཡུལ་བགྲོད་པར་ཐག་མི་རིང་། །
前往天界便不遥远;
ལྷ་དང་མི་ཡི་ཐེམ་སྐས་ལ། །
若能登上人天阶梯,
འཛེགས་ན་ཐར་པ་གམ་ན་འདུག །
解脱就在近旁。
若能善行人间正道,
ལྷ་ཡུལ་བགྲོད་པར་ཐག་མི་རིང་། །
前往天界便不遥远;
ལྷ་དང་མི་ཡི་ཐེམ་སྐས་ལ། །
若能登上人天阶梯,
འཛེགས་ན་ཐར་པ་གམ་ན་འདུག །
解脱就在近旁。
ཅེས་དང་། ཆེད་དུ་བརྗོད་པའི་ཚོམ་ལས།
《法集要颂》又说:
《法集要颂》又说:
འཇིག་རྟེན་པ་ཡི་ཡང་དག་ལྟ། །
谁若具足广大的
ཆེན་པོ་སུ་ལ་ཡོད་གྱུར་པ། །
世间清净正见,
དེ་ནི་ཚེ་རབས་ཐམས་ཅད་དུ། །
他在一切生世中,
ངན་འགྲོར་འགྲོ་བར་ཡོངས་མི་འགྱུར། །
终不堕入恶趣。
ཞེས་སོ།
谁若具足广大的
ཆེན་པོ་སུ་ལ་ཡོད་གྱུར་པ། །
世间清净正见,
དེ་ནི་ཚེ་རབས་ཐམས་ཅད་དུ། །
他在一切生世中,
ངན་འགྲོར་འགྲོ་བར་ཡོངས་མི་འགྱུར། །
终不堕入恶趣。
ཞེས་སོ།
二、出世间乘
གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་ལ་གསུམ། ཐེག་དམན་ཉན་རང་གཉིས་ཐུན་མོང་དང་། ཐེག་ཆེན་བྱང་སེམས། གསང་སྔགས་ཕྱི་ནང་ཐུན་མོང་གི་ཐེག་པའོ།
出世间乘分为三类:声闻、缘觉二者共通的小乘;菩萨大乘;外密、内密共通的密咒乘。
(一)声闻缘觉乘
དང་པོ་ནི། རྟེན་གླིང་གསུམ་གང་རུང་དུ་སྐྱེས་ཤིང་། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་པས་ཡིད་འབྱུང་སྟེ། རང་ཉིད་ཐར་པ་འདོད་པའི་གང་ཟག་གང་ཞིག་བསླབ་པ་གསུམ་ལ་གནས་པས་གཞན་གནོད་གཞི་དང་བཅས་པ་སྤོང་ཞིང་། ཐོས་བསམ་སྒོམ་གསུམ་གྱིས་ལམ་བསྒྲུབ་པ་སྟེ། དེ་ཡང་། སངས་རྒྱས་གཉིས་པ་དབྱིག་གཉེན་ཞབས་ཀྱིས།
第一类,是生于三洲中任何一洲的人,了知轮回以痛苦为本性而生起出离心,希求自己解脱。他安住于三学,断除损害他人的行为及其根源,以闻、思、修三者修成解脱之道。如第二佛世亲尊者所说:
ཚུལ་ཁྲིམས་གནས་ནས་ཐོས་དང་བསམ་ལྡན་པས། །
安住戒律,具足闻思,
སྒོམ་པ་ལ་ནི་རབ་ཏུ་སྦྱོར། །
然后精勤修习。
安住戒律,具足闻思,
སྒོམ་པ་ལ་ནི་རབ་ཏུ་སྦྱོར། །
然后精勤修习。
ཞེས་གསུངས་པ་ལྟར། རང་ལམ་གྱི་གཞི་འམ་རྩ་བར་གྱུར་པ་མཁན་སློབ་ལས། སོ་ཐར་གྱི་སྡོམ་པ་མཚན་ཉིད་པ་མནོས་ཏེ་བསླབ་པ་ཚུལ་ཁྲིམས་རིན་པོ་ཆེའི་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལས་ནམ་ཡང་མི་འདའ་བར་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་ཚུལ་བཞིན་གནས་པས་སྡིག་པ་མི་དགེ་བའི་ཕྱོགས་ཉེས་བྱས་ཕྲ་མོ་ཙམ་ཆ་དང་བཅས་པ་ཅི་ཡང་མི་བྱ་བར་དུག་སྡོང་རྩ་བ་གཅོད་པ་ལྟར་སྤོང་ཞིང་། ལམ་ཐོས་བསམ་སྒོམ་གསུམ་གྱི་རང་བཞིན་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་དུ་སྤྱོད་པའི་དགེ་བ་ལམ་ལྔའི་ཡོན་ཏན་གྱི་ངོ་བོར་གྱུར་པ་ཟག་བཅས་དང་། ཟག་མེད་ཀྱིས་བསྡུས་པ་ཐམས་ཅད་ཕུན་སུམ་ཚོགས་པར་ཡང་དག་པར་སྤྱད་ཅིང་། བསླབ་པ་ཏིང་ངེ་འཛིན་གྱི་རང་བཞིན། བདེན་བཞི་མི་རྟག་བཅུ་དྲུག་དང་། བསམ་གཟུགས་ཀྱི་ཞི་གནས་ལ་རྩེ་གཅིག་ཏུ་བརྩོན་པ་དང་། ཤེས་རབ་ཀྱི་བསླབ་པ་རིན་པོ་ཆེ་བདག་མེད་པའི་དོན་ལ་མཉམ་པར་འཇོག་པའི་ལྷག་མཐོང་གིས་རང་གི་སེམས་ནི་སྲིད་ལས་རྣམ་གྲོལ་ཟད་དང་མི་སྐྱེ་ཤེས་པས་ཡོངས་སུ་འདུལ་བ་སྟེ། ལམ་ལྔ་མཐར་ཕྱིན་པའི་འབྲས་བུ་དགྲ་བཅོམ་ལྷག་བཅས་དང་ལྷག་མེད། ཚོགས་སྤྱོད་དང་། བསེ་རུ་ལྟ་བུའི་གོ་འཕང་ལ་སྦྱོར་བ་འདི་ནི་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཡང་དག་པ་བྱང་སྔགས་གཉིས་ཀྱི་ཐེག་པའི་ལུང་རྟོགས་ཀྱི་ཡོན་ཏན་མ་ལུས་པ་ཐམས་ཅད་ཀྱི་གཞི་རྟེན་དུ་འགྱུར་བ་ཡིན་ནོ་ཞེས་སོ།།
依此所说,首先,作为自乘修道的基础与根本,从亲教师、轨范师前受持具相的别解脱戒,对珍贵戒学的二百五十三条律仪绝不越犯,如理安住于十二头陀功德。对于罪恶、不善一方,乃至最微细的恶作及其支分,也一概不作,如同从根斩断毒树一般加以断除。对于以闻、思、修为体性的道,如河流般相续不断地精进修习,将属于五道功德体性的一切有漏、无漏善法,圆满如实地奉行。在定学方面,一心精勤于四谛无常等十六行相,以及四禅、四无色定的寂止;在珍贵的慧学方面,以安住于无我实义的胜观,令自心从三有中解脱,以尽智与无生智彻底调伏。五道修至究竟,便趣入有余、无余阿罗汉,以及部行、麟角喻独觉的果位。这是我们的导师佛世尊清净的教法,也是菩萨乘、密咒乘一切教证功德的根基。
(二)菩萨大乘
གཉིས་པ་ནི། རྟེན་ཐེག་ཆེན་གྱི་རིགས་སད་ཅིང་། མཐའ་ཡས་པའི་སེམས་ཅན་རྣམས་ལ་ཕན་འདོད་ཀྱི་ལྷག་བསམ་ཁྱད་པར་ཅན་དང་ལྡན་པའི་གང་ཟག་གང་ཞིག་ཉན་རང་གི་ལམ་གྱི་གཞི་བཟུང་ནས་གཞན་ཕན་གཞི་དང་བཅས་པ་སྒྲུབ་པའི་རང་ལམ་གྱི་གཞི་ལམ་འབྲས་བུའི་ཚུལ་ཉམས་སུ་ལེན་ཏེ། དེ་ཡང་རྒྱལ་ཚབ་མ་ཕམ་པས།
第二类,是大乘种姓已经苏醒、对无边众生具足殊胜利他增上意乐的人。他以声闻缘觉之道为基础,修持能成办利他及其根本的自乘基、道、果。如补处弥勒所说:
སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །
发心是为了利他,
ཡང་དག་རྫོགས་པའི་བྱང་ཆུབ་འདོད། །
希求圆满正等菩提。
发心是为了利他,
ཡང་དག་རྫོགས་པའི་བྱང་ཆུབ་འདོད། །
希求圆满正等菩提。
ཅེས་གསུངས་པ་བཞིན་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་ལས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་སྨོན་འཇུག་གཉིས་ཀྱི་མཚན་ཉིད་ཅན་སྲོལ་གཉིས་གང་རུང་གི་སྒོ་ནས་ཚུལ་བཞིན་ནོས་ཏེ་ལམ་ལྷག་པའི་བསླབ་པ་ཚུལ་ཁྲིམས་རིན་པོ་ཆེ་ཉེས་སྤྱོད་སྡོམ་པས་རྒྱུད་བསྡམས་ཏེ་སྤང་བྱ་སྡིག་པ་མི་དགེ་བའི་རྩ་བའི་ལྟུང་བ་ཉི་ཤུ་དང་། ཡན་ལག་གི་ཉེས་བྱས་བརྒྱད་ཅུ་ལ་སོགས་པ་ཆ་དང་བཅས་པ་ཅི་ཡང་མི་བྱ་བར་གཞི་དབུ་མ་བདེན་གཉིས་ཟུང་འཇུག་གི་ལྟ་བས་ཟིན་པས་སྤང་གཉེན་གྱི་རང་བཞིན་ཅིར་ཡང་མ་གྲུབ་པར་ཤེས་ཏེ་དུག་སྡོང་སྨན་དུ་བསྒྱུར་བ་ལྟར་ཆོས་ཉིད་ཀྱི་རང་བཞིན་དུ་སྦྱོང་བས་སྤོང་ཞིང་།
依此所说,应从具相善知识前,依两大传承中的任何一种,如法受持以愿、行二种为体相的无上菩提心戒。作为道的珍贵增上戒学,以律仪戒约束自相续,对于应断的罪恶不善,二十条根本堕罪、八十条支分恶作等及其支分,一概不作。同时以基位中观二谛双运之见摄持,了知所断与能治都不成立任何自性,如同把毒树转为良药一般,在法性的自性中净治而断除。
དགེ་ཆོས་ཡོངས་སུ་སྡུད་པ་ལམ་དབུ་མ་ཚོགས་གཉིས་ཟུང་འཇུག་གི་ངོ་བོ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བསྡུས་པ་རྒྱ་ཆེ་རྒྱ་མཚོ་ལྟ་བུ་དང་། སེམས་ཅན་གྱི་དོན་རབ་ཏུ་བྱེད་པ་བསྡུ་བའི་དངོས་པོ་བཞི་སོགས་དངོས་དང་། བརྒྱུད་ནས་འགྲོ་བ་སྒྲོལ་བའི་མཛད་པ་རྒྱ་ཆེ་བ་མ་ལུས་པར་ཡོངས་སུ་རྫོགས་པར་སྤྱོད་པའི་དགེ་བ་མཐར་ཐུག་རྣམ་མཁྱེན་གྱི་རྒྱུར་འགྱུར་བ་ཐམས་ཅད་ཕུན་སུམ་ཚོགས་པ་མི་ལམ་སྒྱུ་མའི་ཚུལ་གྱིས་སྤྱད་ཅིང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་རིན་པོ་ཆེ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་ཅན་བསྒོམ་པའི་དགེ་རྩ་རྣམ་མཁྱེན་གྱི་རྒྱུར་སྨིན་པར་མཛད་པའི་ཐབས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་སྟེ། ལྷག་པ་ཤེས་རབ་ཀྱི་བསླབ་པ་རིན་པོ་ཆེའི་རང་བཞིན་གཟུགས་ནས་རྣམ་མཁྱེན་བར་གྱི་བསླབ་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་སྟོང་བཞིན་དུ་སྣང་ལ། སྣང་བཞིན་དུ་སྟོང་པ་ཟུང་འཇུག་བདེན་གཉིས་དབྱེར་མེད་མཐའ་བྲལ་དབུ་མ་ཆེན་པོའི་དོན་ཚུལ་བཞིན་དུ་རྟོགས་པས། རང་གི་སེམས་ཀྱི་ངོ་བོ་འདི་ནི་ཆོས་ཉིད་སྤྲོས་བྲལ་ཞི་བ་ཆེན་པོའི་དབྱིངས་སུ་ཆུ་ལ་ཆུ་བཞིན་དུ་ཡོངས་སུ་འདྲེས་པས་འདུལ་ཞིང་།
摄善法戒,是以道位中观二资粮双运为体性的菩萨行:六波罗蜜所摄、如海广大的行持,以及成办众生利益的四摄法等直接与间接度化众生的一切广大事业,都圆满无余地奉行。这些终将成为一切种智之因的善法,以如梦如幻的方式圆满奉行。在珍贵的增上定学方面,修习以三十七菩提分法为体性的善根,以无缘大悲这一方便摄持,使其成熟为一切种智之因。在珍贵的增上慧学方面,从色法乃至一切种智之间的一切所学之法,都不由自性成立,空而显现,现而性空,由如实证悟双运、二谛无别、离边大中观之义,自心的体性便如水入水一般,完全融入法性离戏、大寂静的法界,以此调伏自心。
དེ་ལྟ་བུའི་ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་ལ་དབང་འབྱོར་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང་། སེམས་ཅན་སྨིན་པའི་མཐུ་ཁྱད་པར་ཅན་ཐོབ་སྟེ་ས་བཅུ་ལམ་ལྔའི་སྤངས་རྟོགས་ཀྱི་ཡོན་ཏན་མ་ལུས་པ་དབྱར་གྱི་ཆུ་བོ་བཞིན་དུ་རྫོགས་པས། མཐར་ཐུག་གི་འབྲས་བུ་སྐུ་གསུམ་ཟུང་འཇུག་མི་སློབ་པ་རྣམ་པར་ཐམས་ཅད་མཁྱེན་པའི་སའི་མངའ་དབང་ལ་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་གི་ཡོན་ཏན་གྱི་ཕུང་པོར་གྱུར་ཏེ་ནམ་མཁའ་ཇི་སྲིད་བར་དཔག་བསམ་ཤིང་དང་། ཡིད་བཞིན་ནོར་བུ་བུམ་པ་བཟང་པོའི་ཚུལ་གྱིས་འགྲོ་བའི་དོན་འབད་མེད་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་པ་འདི་ནི་བདག་ཅག་གི་སྟོན་པ་བསྐལ་བཟང་རྣམ་འདྲེན་བཞི་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉམ་མེད་ཤཱཀྱའི་རྒྱལ་པོའི་བསྟན་པ་དམ་པའི་སྙིང་པོ་དྲི་མ་མེད་པ་ཡིན་ནོ་ཞེས་སོ།།
如此,自在掌握二资粮圆满的大权,获得净治佛土、成熟众生的殊胜能力,十地五道的一切断证功德,如夏季的河水一般圆满充盈。最终,于三身双运、无学的一切种智地得到自在,成为二十一类无漏功德的聚集;尽虚空际,如如意树、如意宝、妙宝瓶一般,无需勤作、恒常周遍、任运成办众生的利益。这就是我们的导师、贤劫第四位导师、圆满正等觉、无与伦比的释迦之王,其殊胜教法的无垢心髓。
(三)密咒乘
གསུམ་པ་ནི། རྟེན་གྱི་གང་ཟག་དབང་པོ་རྣོན་པོ་ཟབ་མོའི་ལམ་གྱི་སྐལ་བ་དང་ལྡན་པ་གང་ཞིག་སོ་བྱང་གི་སྡོམ་པས་གཞི་བཟུང་། རང་ལམ་གྱི་ལྟ་སྒོམ་སྤྱོད་པ་ཟབ་མོའི་ཐབས་མཁས་ཁྱད་པར་ཅན་ཉམས་སུ་ལེན་པའི་སྒོ་ནས་རྣམ་གྲོལ་སྒྲུབ་པ་སྟེ། ཇི་སྐད་དུ། ཚུལ་གསུམ་སྒྲོན་མེ་ལས།
第三类,是根器锐利、具足甚深道缘分的人,以别解脱戒与菩萨戒为基础,通过修持自乘见、修、行的甚深殊胜善巧方便,成就解脱。正如《三理灯论》所说:
དོན་གཅིག་ན་ཡང་མ་རྨོངས་དང་། །
义虽同一而不愚昧,
ཐབས་མང་དཀའ་བ་མེད་པ་དང་། །
方便众多而无难行,
དབང་པོ་རྣོན་པོའི་དབང་བྱས་ཕྱིར། །
又是依利根者而建立,
སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །
故密咒乘尤为超胜。
义虽同一而不愚昧,
ཐབས་མང་དཀའ་བ་མེད་པ་དང་། །
方便众多而无难行,
དབང་པོ་རྣོན་པོའི་དབང་བྱས་ཕྱིར། །
又是依利根者而建立,
སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །
故密咒乘尤为超胜。
ཞེས་གསུངས་པ་ལྟར། རྒྱུ་ཡི་ཐེག་པ་ལས་ཁྱད་པར་དུ་མས་འཕགས་པའི་འབྲས་བུ་གསང་ཆེན་རྡོ་རྗེ་ཐེག་པ་ནི། རྟོགས་པ་མཆོག་གི་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ལས་དབང་བཞི་ཡོངས་སུ་རྫོགས་པས་རྒྱུད་དག་ཅིང་སྨིན་པར་བྱས་ནས། ལྷག་པའི་ཚུལ་ཁྲིམས་ཀྱི་ངོ་བོ་རྩ་བ་དང་། ཡན་ལག་གི་དམ་ཚིག་དང་། སྡོམ་པ་བསྲུང་མཚམས་ལས་ནམ་ཡང་མི་འདའ་ཞིང་།
依此所说,在许多方面胜过因乘的果乘大密金刚乘,是先从具足最胜证悟之相的金刚上师前圆满获得四灌顶,令相续清净成熟;然后,对于作为增上戒体性的根本与支分三昧耶,以及律仪的守护界限,绝不越犯。
གཞི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གདོད་ནས་རྣམ་དག་ལྷ་སྔགས་ཆོས་ཉིད་ཡེ་ཤེས་རོལ་པར་ལྷག་པའི་བདེན་གཉིས་དབྱེར་མེད་དོན་དམ་དཀོར་བདུན་ངོ་བོ་ཉིད་མེད་ལྷུན་གྱིས་གྲུབ་པའི་རང་བཞིན་སྣང་སྲིད་དག་པ་རབ་འབྱམས་སུ་ལྟ་བ་དག་མཉམ་ཆེན་པོས་གཏན་ལ་འབེབས་པས་མ་དག་པ་སྡིག་པ་མི་དགེ་བ་སོགས་སྤང་བྱར་གྱུར་པ་ཅི་ཡང་མི་དམིགས་པར་བླང་དོར་དང་། མཚན་མར་འཛིན་པའི་རྟོག་པ་རང་སར་ཞི་སྟེ་རྨ་བྱས་དུག་ལ་སྤྱོད་པ་བཞིན་འདོད་ཡོན་ལམ་དུ་ཁྱེར་བས་རྣམ་དག་ཡེ་ཤེས་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་རང་བཞིན་ལ་དགོངས་སྤྱོད་རྒྱ་མཚོ་ལྟ་བུའི་མི་འཇིགས་པའི་གདེང་དང་ལྡན་པས་ཆོས་ཉིད་ཀྱི་ལྷ་ལ་ཆོས་ཉིད་ཀྱི་རོལ་པས་སྤྱད་བྱ་ཉིད་དུ་རྟོགས་པས་རོལ་ཞིང་།
作为基,显有、轮回、涅槃所摄的一切法,本来清净,是本尊、真言、法性智慧的游舞。以大清净大平等之见,把显有抉择为殊胜二谛无别、胜义七财、无自性而任运成就的自性,即无边清净的显有。由此,对于不清净的罪恶不善等,不缘取任何所应断除的对象,取舍与执相的分别当处寂灭。如孔雀食毒一般,将妙欲转为道用,对于清净智慧诸佛大坛城的自性,具足如海般的密意与行持的无畏把握;证悟到法性之本尊,正应以法性的游舞来受用,便如是游舞。
ལམ་ཟབ་མོ་ལྷག་པའི་ཏིང་ངེ་འཛིན་གྱི་རང་བཞིན་ཅན། བསྐྱེད་རིམ་གཙོ་བོར་སྟོན་པ་མ་ཧཱ། རྫོགས་རིམ་གཙོ་བོར་སྟོན་པ་ཨ་ནུ། ཟུང་འཇུག་གི་ཡེ་ཤེས་རྗེན་ཅེར་དུ་སྟོན་པ་མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ། ནང་རྒྱུད་སྡེ་གསུམ་གྱི་བསྐྱེད་རྫོགས་ཀྱི་ཐབས་ཆེན་བླ་ན་མེད་པས་ཟིན་པའི་ཁྱད་པར་གྱི་སྤྱོད་པ་སྦྱོར་སྒྲོལ་གྱི་མྱུར་ལམ་ཟབ་མོའི་དགེ་བ་ཐུན་མོང་མ་ཡིན་པ་རྒྱ་མཚོ་ལྟ་བུ་ཕུན་སུམ་ཚོགས་པ་མ་ལུས་པར་སྤྱད་པས། ལྷག་པ་ཤེས་རབ་ཀྱི་བསླབ་པ་རིན་པོ་ཆེའི་རང་བཞིན་གདོད་ནས་རྣམ་གྲོལ་ཡེ་དག་ཡེ་རྫོགས་ཆེན་པོ་ཀུན་ཁྱབ་འགྱུར་བ་མེད་པའི་ངོ་བོར་རང་གི་སེམས་ཉིད་ཀྱི་གཤིས་ལུགས་འདི་ནི་མཚོ་རླབས་མཚོ་ལ་ཐིམ་པ་བཞིན་གཉིས་མེད་དུ་འདྲེས་པས་ཡོངས་སུ་འདུལ་བ་སྟེ།
甚深道以增上定学为体性:以生起次第为主要开示的玛哈瑜伽,以圆满次第为主要开示的阿努瑜伽,以及赤裸直示双运智慧的窍诀大圆满阿底瑜伽。由内三续部生圆次第的无上大方便所摄持,将殊胜的行持、即双运与度脱这一甚深速道,以及如海般不共的一切圆满善法,无余地奉行。在珍贵的增上慧学方面,自心的本性,如海浪融入大海一般,与本来解脱、本净本圆、周遍无变的大圆满体性无二无别地融为一体,以此彻底调伏自心。
དེ་ལྟ་བུའི་ལྟ་སྒོམ་སྤྱོད་པའི་ཁྱད་པར་ཟབ་མོ་སྤྱད་པའི་འབྲས་བུ་མི་ཚེ་བཅུ་དྲུག་གམ། བདུན་ནམ། ཚེ་ལུས་གཅིག་གིས་རིག་འཛིན་རྣམ་བཞིའི་བསྡུས་པའི་ས་བཅུ་ལམ་ལྔའི་སྤངས་རྟོགས་ཀྱི་ཡོན་ཏན་མ་ལུས་པ་ཅིག་ཅར་དུ་རྟོགས་ཏེ་ཉི་ཟླའི་བགྲོད་པ་ལས་ཀྱང་མྱུར་བས་ཁ་སྦྱོར་ཡན་ལག་བདུན་ལྡན་སྐུ་ལྔ་ལྷུན་གྲུབ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་རྒྱལ་ཐབས་ལ་མངའ་དབང་བསྒྱུར་ཏེ་ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་རྟག་ཁྱབ་རྒྱུན་གྱི་འཁོར་ལོར་མཛད་པ་འདི་ནི་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པའི་ཡང་སྙིང་ཟབ་མོའི་མཐར་ཐུག་པའི་མྱུར་ལམ་ཁྱད་པར་ཅན། དབང་པོ་ཡང་རབ་སྐལ་བ་མཆོག་དང་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ནོ་ཞེས་སོ།།
修持如此甚深殊胜的见、修、行,其果是:于十六生、七生,或即此一生一身,顿时证得四种持明所摄的十地五道一切断证功德,比日月运行还要迅速,自在执掌具足和合七支、五身任运成就、双运大金刚持的王位;四种事业任运成就,直到轮回未空之际,恒常周遍、如轮相续地成办众生利益。这是我们的导师圆满正等觉佛世尊教法中精华之精华、甚深究竟的殊胜速道,是上上利根、具足最胜缘分者的行境。
三、总摄其义:三戒在一人相续中的修持
གསུམ་པ་དོན་བསྡུ་བ་ནི། དེ་ལྟ་བུའི་སོ་བྱང་སྔགས་ཀྱི་སྡོམ་པ་གསུམ་པོ་གང་ཟག་གཅིག་གི་རྒྱུད་ལ་ཇི་ལྟར་ཉམས་སུ་ལེན་ཚུལ་མདོར་བསྡུ་ན། གསུམ་ལྡན་རྡོ་རྗེ་འཛིན་པའི་གང་ཟག་རྣལ་འབྱོར་པས། རང་རྒྱུད་ཀྱིས་བསྡུས་པའི་སོ་བྱང་སྔགས་གསུམ་གྱི་སྡོམ་པ་གསུམ་པོ་དེ། རང་ལྡོག་མ་འདྲེས། དགག་དགོས་ཡོངས་རྫོགས། ངོ་བོ་གནས་འགྱུར། ཡོན་ཏན་ཡར་ལྡན། གནད་ཀྱིས་མི་འགལ། དུས་སྐབས་གང་གཙོ་བ་སྤྱོད་པ་སྟེ། འཇིག་རྟེན་མཐུན་འཇུག་ནས་ཐམས་ཅད་མཁྱེན་པར་ཉེ་བའི་སའི་བར། ལས་དང་པོ་པ་དང་། རྣལ་འབྱོར་དང་། གྲུབ་ཐོབ་དང་། ཐམས་ཅད་མཁྱེན་པར་ཉེ་བའི་སྤྱོད་པ་སྟེ་རྣམ་པ་བཞི་ལ་དུས་དང་། རང་གི་རྒྱུད་ཚོད་ལ་བསྟུན་ནས་མཁས་པར་སློབ་ཚུལ་ནི། མངའ་རིས་པཎྜིཏ་པདྨ་དབང་གི་རྒྱལ་པོ་རྡོ་རྗེ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་བཞེད་པ་བཞིན་ལམ་མཐར་དབྱུང་བ་ནི་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་དྲི་མ་མེད་པ་ཡིན་ནོ།།
第三,总摄其义。上述别解脱戒、菩萨戒、密咒戒这三种律仪,如何在同一个人的相续中修持?简要地说,具足三戒的持金刚瑜伽士,对于自相续所摄的三种律仪,应把握这六条:各自反体不相混杂,所遮与所需圆满具足,体性转依,功德上上具足,关键处互不相违,随时位以何者为主而行持。从随顺世间的行持开始,直到临近一切种智之地,有初学者、瑜伽士、成就者、临近一切种智者四种行持,应当随着时节与自相续的程度善巧修学。依照阿里班智达贝玛旺吉嘉波·多杰扎巴坚赞贝桑波的主张,将此道修至究竟,这就是前译金刚乘无垢的宗风。
结偈与作者跋
ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དོན། །
八万四千法蕴之义,
ཚིགས་བཅད་གཅིག་གིས་བསྟན་པའི་བཀའ། །
以一首偈颂开示的佛语,
བསྐལ་བཟང་རྣམ་འདྲེན་བཞི་པའི་ལུང་། །
贤劫第四导师的教言,
བསྡུས་ཏེ་བཀྲལ་བའི་ཡི་གེ་འདི། །
摄要解释为这篇文字。
དེང་དུས་རང་རིགས་གཅེས་ཕྲུག་རྣམས། །
深深希望今日本族的爱子们,
ལམ་བཟང་འདི་ལ་འཇུག་བདེའི་ཁྱད། །
进入这条善道时,
ཅུང་ཟད་ཡོང་རེ་ཆེ་སྙམ་ནས། །
能多少得到一点方便,
ཐུབ་བསྟན་ཤེས་རབ་རྒྱ་མཚོས་བྲིས། །
土登喜饶嘉措于是写下。
སརྦ་མངྒ་ལཾ།
愿一切吉祥!
八万四千法蕴之义,
ཚིགས་བཅད་གཅིག་གིས་བསྟན་པའི་བཀའ། །
以一首偈颂开示的佛语,
བསྐལ་བཟང་རྣམ་འདྲེན་བཞི་པའི་ལུང་། །
贤劫第四导师的教言,
བསྡུས་ཏེ་བཀྲལ་བའི་ཡི་གེ་འདི། །
摄要解释为这篇文字。
དེང་དུས་རང་རིགས་གཅེས་ཕྲུག་རྣམས། །
深深希望今日本族的爱子们,
ལམ་བཟང་འདི་ལ་འཇུག་བདེའི་ཁྱད། །
进入这条善道时,
ཅུང་ཟད་ཡོང་རེ་ཆེ་སྙམ་ནས། །
能多少得到一点方便,
ཐུབ་བསྟན་ཤེས་རབ་རྒྱ་མཚོས་བྲིས། །
土登喜饶嘉措于是写下。
སརྦ་མངྒ་ལཾ།
愿一切吉祥!
སྤྱི་ལོ་ ༡༩༦༦ ཟླ་ ༦ ཚེས་ ༥ ལ། བོད་མེ་རྟ་ རབ་ལོ་ ༩༤༠ ཟླ་ ༤ ཚེས་ ༡༨ ལ་རྐྱེན་ཞིག་གིས་བསྐུལ་ཏེ་བློ་ཐོག་གང་ཤར་དེ་འཕྲལ་རྫོགས་པར་བྲིས།།
公历1966年6月5日,即藏历火马年、胜生纪年第九百四十年四月十八日,因某一因缘的劝请,把心中所现的,当即一气写成。
公历1966年6月5日,即藏历火马年、胜生纪年第九百四十年四月十八日,因某一因缘的劝请,把心中所现的,当即一气写成。
附:刊印跋
ཐེག་བསྡུས་རྣམ་བཤད་ཀྱི་པར་བྱང་། ཨོཾ་སྭ་སྟི། །
诸乘总摄释刊印跋。嗡,愿吉祥!
诸乘总摄释刊印跋。嗡,愿吉祥!
གངས་ཅན་བསྟན་རྩ་གསང་ཆེན་སྔ་འགྱུར་པའི། །
雪域教法之根、大密前译派
རིང་ལུགས་དྲི་མེད་སྔོན་བྱོན་མཁས་གྲུབ་ཀྱི། །
无垢的宗风,往昔智者成就者
རྣམ་དག་བཞེད་སྲོལ་མདོ་སྔགས་རིགས་གནས་བཅས། །
清净的主张,连同显密与诸明处,
གནད་བསྡུས་དྲང་སྲོང་མཆོག་གི་ཞལ་རྒྱུན་འདི། །
都摄其要点于这部大仙的口传之中。
雪域教法之根、大密前译派
རིང་ལུགས་དྲི་མེད་སྔོན་བྱོན་མཁས་གྲུབ་ཀྱི། །
无垢的宗风,往昔智者成就者
རྣམ་དག་བཞེད་སྲོལ་མདོ་སྔགས་རིགས་གནས་བཅས། །
清净的主张,连同显密与诸明处,
གནད་བསྡུས་དྲང་སྲོང་མཆོག་གི་ཞལ་རྒྱུན་འདི། །
都摄其要点于这部大仙的口传之中。
མཁས་ཀུན་དགྱེས་པའི་སྐྱེས་བཟང་ལེགས་བཤད་དེ། །
这令一切智者欢喜的善说佳礼,
སྐལ་བཟང་བློ་གསལ་ཚོགས་ལ་སྣང་བའི་མིག །
赐予具缘明慧者照见的眼睛,
སྦྱིན་བྱེད་དགའ་སྟོན་མཆོག་གི་དཔལ་སྟེར་ཞིང་། །
带来最胜喜宴的光彩,
ངེས་ལེགས་རིན་ཆེན་ལམ་བཟང་འདི་ཡིས་སྟོན། །
指示珍贵的决定胜善道。
这令一切智者欢喜的善说佳礼,
སྐལ་བཟང་བློ་གསལ་ཚོགས་ལ་སྣང་བའི་མིག །
赐予具缘明慧者照见的眼睛,
སྦྱིན་བྱེད་དགའ་སྟོན་མཆོག་གི་དཔལ་སྟེར་ཞིང་། །
带来最胜喜宴的光彩,
ངེས་ལེགས་རིན་ཆེན་ལམ་བཟང་འདི་ཡིས་སྟོན། །
指示珍贵的决定胜善道。
དེ་སླད་ལྷག་བསམ་སྐྱ་རེངས་ཀྱིས་དྲངས་པའི། །
因此,由增上意乐的曙光引出,
མི་འཛད་འཕྲུལ་གྱི་ཕྱི་མོའི་ཟླ་གཞོན་ནི། །
能无尽印制的版模,宛如一弯新月,
བསོད་ནམས་ཤར་རིའི་ཕྲག་ནས་འཛུམ་པའི་ཟེར། །
从福德东山的肩头绽出含笑的光芒,
དགེ་ལེགས་སྣང་བའི་དཔྱིད་དུ་དེང་འདིར་ཤར། །
今日在善妙光明的春天里升起。
因此,由增上意乐的曙光引出,
མི་འཛད་འཕྲུལ་གྱི་ཕྱི་མོའི་ཟླ་གཞོན་ནི། །
能无尽印制的版模,宛如一弯新月,
བསོད་ནམས་ཤར་རིའི་ཕྲག་ནས་འཛུམ་པའི་ཟེར། །
从福德东山的肩头绽出含笑的光芒,
དགེ་ལེགས་སྣང་བའི་དཔྱིད་དུ་དེང་འདིར་ཤར། །
今日在善妙光明的春天里升起。
ལེགས་བྱས་དྲི་མ་མེད་པའི་རྒྱུན་བཟང་པོ། །
愿这无垢善业的美好长流,
ངོ་མཚར་ཕན་བདེའི་དཔལ་དང་ལེགས་འགྲོགས་ཏེ། །
伴随稀有的利乐光彩,
རྣམ་མཁྱེན་རྒྱ་མཚོ་ཆེན་པོར་འཇུག་པའི་རྒྱུར། །
在遍空一切众生的相续中成熟,
མཁའ་ཁྱབ་འགྲོ་ཀུན་རྒྱུད་ལ་སྨིན་གྱུར་ཅིག །
成为汇入一切种智大海之因!
愿这无垢善业的美好长流,
ངོ་མཚར་ཕན་བདེའི་དཔལ་དང་ལེགས་འགྲོགས་ཏེ། །
伴随稀有的利乐光彩,
རྣམ་མཁྱེན་རྒྱ་མཚོ་ཆེན་པོར་འཇུག་པའི་རྒྱུར། །
在遍空一切众生的相续中成熟,
མཁའ་ཁྱབ་འགྲོ་ཀུན་རྒྱུད་ལ་སྨིན་གྱུར་ཅིག །
成为汇入一切种智大海之因!
ཅེས་པའང་སྐྱབས་རྗེའི་བཀའ་བཞིན་ཤེས་རབ་རྒྱ་མཚོ་པས། མེ་རྟ་ཟླ་ ༨ ཚེས་ ༡༠ བཟང་པོར་བྲིས།།
此跋亦是喜饶嘉措遵依怙主之命,于火马年八月初十吉日写成。
此跋亦是喜饶嘉措遵依怙主之命,于火马年八月初十吉日写成。
译注
一、全篇结构。作者以一首偈颂的四句为纲,分别在世间乘、声闻缘觉乘、菩萨乘、密咒乘中展开:诸恶莫作,是各乘所断与戒学;众善奉行,是各乘所修的善法与定学;调伏自心,是各乘的慧学;是佛教,是各乘之果,以及它在佛陀教法中的地位。这一偈出自别解脱经,汉传通行译为诸恶莫作,众善奉行,自净其意,是诸佛教。藏译第三句作 རང་གི་སེམས་ནི་ཡོངས་སུ་འདུལ(彻底调伏自心),本文依藏文直译。
二、基、道、果。基,指修行所依的实相及其见地;道,指修持的过程;果,指修行圆满所得。
三、世间乘。增上生(མངོན་མཐོ)指人天善趣的果报。十六清净人法(མི་ཆོས་གཙང་མ་བཅུ་དྲུག),相传为松赞干布时所制的世俗伦理规范,本篇没有列出细目。本性罪(རང་བཞིན་གྱི་སྡིག་པ)指不论是否受戒、本身即是罪恶的行为,如十不善。义成(དོན་ཀུན་གྲུབ་པ)是释迦牟尼佛出家前的名字,即悉达多。
四、引文出处。《智慧百论》(ཤེས་རབ་བརྒྱ་པ)相传为龙树所造;《法集要颂》(ཆེད་དུ་བརྗོད་པའི་ཚོམས)即《优陀那品》。世亲一偈出自《俱舍论》,汉译作具戒、闻思而勤修习之意。弥勒一偈出自《现观庄严论》,汉传通行译为发心为利他,求正等菩提。《三理灯论》(ཚུལ་གསུམ་སྒྲོན་མེ)为三藏法师所造,其中说明密咒乘超胜因乘的四个理由,即这首偈颂,在藏传各派中流传甚广。各处引文均依本篇藏文直译,没有换用汉译藏经的现成句子。
五、三洲与十二头陀。三洲,指四大洲中除北俱卢洲以外的三洲,北俱卢洲的众生不能受别解脱戒。十二头陀功德(སྦྱངས་པའི་ཡོན་ཏན་བཅུ་གཉིས)指节制衣、食、住处等的十二种修行规范。二百五十三条是比丘戒的数目。
六、四谛十六行相。原文 བདེན་བཞི་མི་རྟག་བཅུ་དྲུག,指以无常为首的四谛十六行相,不是十六种无常。尽智与无生智,分别是了知烦恼已尽、了知烦恼不再生起的智慧。
七、菩萨戒的两大传承。སྲོལ་གཉིས 通常指龙树一系的深见派与无著一系的广行派两种受菩萨戒的仪轨。菩萨段依次说明三聚净戒:先以律仪戒断恶,再以摄善法戒行善,同时以利他为主。所断与能治都不成立自性,原文是在中观见的摄持下说的,原文同时明说根本堕罪与支分恶作一概不作,不能读成没有需要断除的过失。
八、二十一类无漏功德。原刻作 ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག,即《现观庄严论》法身品所说的二十一类无漏智慧功德。初校稿录作 ལྷག་མེད,按原图改正。
九、胜义七财。密咒乘见地段原刻作 དོན་དམ་དཀོར་བདུན,初校稿未能定读,按原图确认。这是玛哈瑜伽的专门术语,指胜义谛所具的七种财富,即身、语、意、功德、事业、法界、智慧。前面的 ལྷག་པའི་བདེན་གཉིས་དབྱེར་མེད(殊胜二谛无别)与 དག་མཉམ་ཆེན་པོ(大清净大平等),也都是玛哈瑜伽见地的标志性用语:显现即是本尊坛城,这是大清净;本尊坛城即是空性法身,这是大平等。
十、孔雀食毒与转欲为道。孔雀食毒而羽毛更加鲜艳,是密乘以妙欲为道用的传统譬喻。证悟一段原刻作 སྤྱད་བྱ་ཉིད་དུ་རྟོགས་པས་རོལ,即证悟之后才如是游舞,初校稿录作 ཉེ་བར་བརྟགས་པས,按原图改正。这一段要连同前文一起读:密咒行者先须圆满四灌顶,严守根本与支分三昧耶,具足别解脱戒与菩萨戒的基础,然后才谈得上以清净平等之见将妙欲转为道用。
十一、双运与度脱。སྦྱོར་སྒྲོལ 是内密续中的特殊行持,指双运与度脱,原刻其后作 མྱུར་ལམ(速道)。依传统,这是唯有具足相应证悟与能力者方可行持的殊胜道,本篇只总举其名,不涉及具体修法,不能按字面泛泛理解。
十二、本性。慧学一段原刻作 གཤིས་ལུགས,是通行写法,意为本性,初校稿录作 གཤེས་ལུགས 并视为异写,按原图改正。
十三、四持明与和合七支。四种持明,即宁玛派所说的异熟持明、寿自在持明、大手印持明、任运持明。和合七支是描述报身双运境界的专门术语,五身是在三身之外加上金刚身与现证菩提身。十六生、七生、即身成就,是依修行者根器的差别而说。
十四、三戒六原则。这六条出自阿里班钦·贝玛旺嘉(1487—1542)所著的《三律仪决定论》,索达吉堪布汉译为《三戒论》,是宁玛派讲三戒关系的根本论典。各自反体不相混杂,指三戒各有其体相与学处;所遮所需圆满具足,指三戒所遮止与所需成办的都圆满;体性转依,指下位戒体转为上位戒体;功德上上具足,指上位戒具足下位戒的功德;关键处不相违,指三戒在要点上并不冲突;随时位以何者为主而行持,指遇到取舍时,依当时的情况以某一戒为主。正文中阿里班智达的全名,即是这位论师。
十五、四种行持。初学者、瑜伽士、成就者、临近一切种智者四种行持,作者明确要求随时节与自相续的程度修学,不能越级只取上位的行持。
十六、写作缘起与日期。结偈说是为今日本族的爱子们而写,1966年作者已在流亡中,这里的本族爱子当指流亡的藏族青年。胜生纪年(རབ་ལོ)从1027年起算,第九百四十年正是1966年。
十七、刊印跋。刊印跋称此论为大仙的口传(དྲང་སྲོང་མཆོག་གི་ཞལ་རྒྱུན)。大仙是佛陀的尊称,这与作者1933年所作《圣仙口传·梵音之歌》题名中的圣仙同一用法。能无尽印制的版模(མི་འཛད་འཕྲུལ་གྱི་ཕྱི་མོ),指可以反复印刷的印版,具体印制方式没有记载。跋文说遵依怙主(སྐྱབས་རྗེ)之命而写,没有写出姓名。作者当时正在协助敦珠仁波切撰写宁玛派教理著作,这位怙主可能是敦珠仁波切,存疑待考。刊印跋日期为火马年八月初十,与正文写成同在1966年。
作者简介
拉琼阿波(བླ་ཆུང་ཨ་ཕོ་),法名土登喜饶嘉措(ཐུབ་བསྟན་ཤེས་རབ་རྒྱ་མཚོ་,1905—1975),又名南喀却英,二十世纪宁玛派上师、学者、诗人,文献中又称贡觉拉琼。据 Lotsawa House,他是根敦群培的挚友和传记作者。据 Rigpa Wiki,他早年在佐钦寺求学,后来协助敦珠仁波切撰写阐述宁玛派教理的名著,即后来英译为 The Nyingma School of Tibetan Buddhism 中的教理部分。他的杂著由达兰萨拉西藏文献图书馆于2002年结集出版。他与堪布阿琼(堪布阿旺巴桑,1879—1941)是两个人,不可混同。
文本来源
藏文依《土登喜饶嘉措杂著》(gsung thor bu,西藏文献图书馆,2002)第118至131页扫描本识读,佛教数字资源中心(BDRC)编号 MW25975_AE3FE8。
